ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧྲང་ཧེ་རུ་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོར། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཧྲང་ཧེ་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཆང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

ཧྲང་ཧེའི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་ལས་དོན་ལས་ཁུངས། ཁྲོམ་སྲང་དང་གྲོང་རྡལ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སོགས་སྙན་ཞུ་ཚོགས་འདུར་ཞུགས།

སྙན་ཞུའི་ཚོགས་འདུའི་སྟེང་། ལི་ཆང་གིས་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོར་དམིགས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱེད་པ། དཔེ་མཚོན་བཀོད་ནས་་གྲངས་གཞི་དཔྱད་བསྡུར་དང་དབྱེ་ཞིབ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་ལོ་རྒྱུས་ཁྲོད་དུས་རབས་གསར་པར་ངོས་འཛིན་ཟབ་མོ་ལེན་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་། རྩ་ཆེའི་སྙིང་སྟོབས་བཅས་ཟུང་འབྲེལ་བྱས་ཏེ་གོ་བ་ལེན་པ་དང་བསམ་གཞིགས་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་མཆོང་སྐྱོད་གསར་པ་བྱུང་བར་གོ་བ་ཟབ་མོ་ལེན་པ། ནམ་ཡང་རང་ངོས་ནས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་གཤིས་རྒྱུད་ཡིན་པ་བཅས་ཕྱོགས་ལྔ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མཐའ་དག་སྒྲོག་འགྲེལ་དང་གསལ་འགྲེལ་གནང་།

སྙན་ཞུའི་ཚོགས་འདུའི་རྗེས་སུ། ལི་ཆང་གིས་གཏིང་ཟབ་སྒོས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་དོན་འཁྱོལ་བཅས་བྱ་ཆེད་གཞི་རིམ་གྱི་འཐུས་མི་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།