ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཁྱིམ་ཚང་སློབ་གསོ་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་ཁྱིམ་ཚང་སློབ་གསོ་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་ཁྱིམ་ཚང་སློབ་གསོ་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཀུན་སྤྱོད་ལེགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ནས། ཁྱིམ་ཚང་སློབ་གསོ་ཡར་སྐུལ་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་ཁྱབ་གདལ་དང་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

 ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཁུར་དུ་ལེན་པའི་དུས་རབས་ཀྱི་མི་གསར་སྐྱེད་སྲིང་བྱེད་པ་དང་། རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱུན་འཛིན་པ་ཡོད་པར་ཁག་ཐེག་བྱེད་པའི་མཐོ་ཚད་དུ་འགྲེང་ནས་ཁྱིམ་ཚང་སློབ་གསོའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་མཛད་ཡོད་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པས་ཁྱིམ་ཚང་སློབ་གསོའི་བྱ་བར་བླང་བྱ་གསལ་པོ་བཏོན་ཡོད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ནས། ད་ལོའི་ཟླ་བཅུ་པར་ཁྱིམ་ཚང་སློབ་གསོ་ཡར་སྐུལ་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཡོད།

 ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། བཅའ་ཁྲིམས་འདི་ཉིད་གཏན་འབེབས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བཅའ་ཁྲིམས་ཀྱི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་དེ་ཞིབ་མོ་དང་གཟབ་ནན་གྱིས་དམ་འཛིན་བྱས་ནས་ཕན་འབྲས་ཐོབ་པར་བྱེད་དགོས། གཅིག སྤྱོད་བཟང་དམིགས་བསལ་དུ་འཛིན་པའི་ཁ་ཕྱོགས་གསལ་པོ་འབུར་དུ་ཐོན་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སྣ་སྐྱེད་སྲིང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་འདུན་པ་བསྐྱེད་པ། གསར་བརྗེའི་རིག་གནས་ཐོན་ཁུངས་བཀོལ་སྤྱོད་བཟང་པོ་བྱེད་པ། ཏང་གི་གོམས་སྲོལ་བཟང་པོ་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྱིམ་ཚང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། གཉིས། ནར་སོན་མེད་པའི་མིའི་ཕ་མ་དང་ཡང་ན་ལྟ་སྐྱོང་བ་གཞན་པས་ཁྱིམ་ཚང་སློབ་གསོའི་འགན་གཙོ་བོ་ཁུར་དུ་བླངས་ནས། སྤུས་ཚད་སློབ་གསོའི་རྩ་བའི་འདུ་ཤེས་དང་ཀུན་སྤྱོད་གཙོར་འཛིན་གྱི་རྩ་བའི་ལས་འགན་དེ་ཁྱིམ་ཚང་ནས་དོན་འཁྱོལ་བྱེད་དགོས། གསུམ། ཁྲིམས་བཀོད་འགན་ནུས་དོན་འཁྱོལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་མ་ལག་བཙུགས་ཏེ། ཁྱིམ་ཚང་སློབ་གསོར་རོགས་རམ་བྱེད་དགོས་ལ། ལྷག་པར་དུ་ཕ་མ་གམ་དུ་མེད་པའི་བྱིས་པ་དང་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་ཁྱིམ་ཚང་སློབ་གསོའི་ཐད་ནས་རོགས་རམ་བྱེད་དགོས། བཞི། ཕྱོགས་སོ་སོའི་བརྩོན་སེམས་ལེགས་པར་བསྐྱེད་པ་དང་། ལྷག་པར་དུ་ཁྱིམ་ཚང་དང་སློབ་གྲྭས་གཞོགས་འདེགས་བཟང་པོ་བྱས་ཏེ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ་དང་མཉམ་དུ་ཤུགས་འདོན་པ། བརྒྱུད་རིམ་ཡོངས་སུ་ཁེབས་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་ཆགས་པར་བྱེད་དགོས། ལྔ། བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོ་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་འདི་ཉིད་ལ་རྒྱུས་ལོན་དང་རྒྱབ་སྐྱོར། ལག་བསྟར་བཅས་བྱེད་དུ་བཅུག་སྟེ། རང་གིས་ཁུར་འོས་པའི་འགན་རང་རྟོགས་ཀྱིས་འཁུར་དགོས། 

ཀྲང་ཁྲུན་ཞན་གྱིས་མགོ་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།