ཀྲུང་གོ་བོད་ཀྱི་དྲ་བ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས《ལག་རྩལ་སློབ་གསོའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད》དཔར་འགྲེམ་བྱས་ཏེ་ནུས་རྩལ་མཐོ་བའི་འཇོན་མི་མི་ཁྲི200ཡན་སྐྱེད་སྲིང་དང་གསོ་སྦྱོང་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས《ལག་རྩལ་སློབ་གསོའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད》དཔར་འགྲེམ་བྱས་ཏེ། འཕེལ་རྒྱས་གཙོ་བོའི་དམིགས་འབེན་གསལ་བོར་བཟོས། 《འཆར་འགོད》ལས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་ཏུ། ལག་རྩལ་སློབ་གླིང་གི་སློབ་མའི་གཞི་ཁྱོན་དེ་མི་ཁྲི360ཡན་རྒྱུན་འཁྱོངས་བྱེད་དགོས་པ་དང་། བསྡོམས་པས་ནུས་རྩལ་མཐོ་བའི་འཇོན་མི་མི་ཁྲི200ཡན་སྐྱེད་སྲིང་དང་གསོ་སྦྱོང་བྱ་རྒྱུ་དང་། ཁེ་ལས་ལས་བཟོ་བ་དང་ལས་ཞུགས་གཙོ་གནད་ཁྱུ་ཚོགས་ལ་ཁ་ཕྱོགས་ནས་ལས་རིགས་གསོ་སྦྱོང་མི་ཐེངས་ཁྲི2000ཡན་ལ་སྤེལ་རྒྱུ་ཡིན་ཞེས་བསྟན།

མཚམས་སྦྱོར་ལྟར་ན། 2020ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་ལག་རྩལ་སློབ་གླིང2423ཡོད་པ་དང་། དེའི་ནང་ལག་རྩལ་པའི་སློབ་གླིང496དང་སློབ་མ་ཁྲི395ཡོད་ལ། ལོ་རེར་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་མི་ཐེངས་ཁྲི400ལ་ལས་རིགས་ནུས་རྩལ་གསོ་སྦྱོང་སྣ་ཚོགས་སྤེལ་བཞིན་ཡོད།

《འཆར་འགོད》ལས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་སྤུས་ལེགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་སྣེེ་ཁྲིད། ལག་རྩལ་སློབ་གསོའི་རོགས་སྐྱོར་གཞོགས་འདེགས། ལག་རྩལ་སློབ་གསོའི་སྤུས་ཀ་མཐོར་འདེགས་བཅས་ཆེད་དམིགས་འཆར་གཞི4ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཆེད་དམིགས་འཆར་གཞི་ལག་བསྟར་བྱེད་པ་བརྒྱུད། 2025ལོར་སླེབས་དུས། ལག་རྩལ་སློབ་གསོའི་མ་ལག་སྔར་བས་འཐུས་ཚང་དང་ཁྱབ་རྒྱ་སྔར་བས་འོས་འཚམ། ཁྱད་ཆོས་སྔར་བས་འབུར་ཐོན། ནུས་རྩལ་འཇོན་མི་གསོ་སྐྱོང་གཞི་ཁྱོན་དང་སྤུས་ཀ་སྔར་བས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྣམ་པ་བཟང་བོ་ཞིག་ཆགས་པར་བྱེད་རྒྱུ་ཡིན་ཞེས་བཏོན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།