ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པར་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས14ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པར་ཐུག་འཕྲད་གནང་། 

ཝང་དབྱི་ཡིས་བསྟན་དོན། པྲོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་ཁྲིད་ལ་གླེང་མོལ་གཏིང་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས།  མི་འགྱང་བར་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་ཞུ་བའི་དབུ་ཚོགས་བསྡུ་རྒྱུ་རེད། དེ་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་ཡིན་ལ། རྗེས་ཕྱོགས་ཀྱི་ལོ་འཁོར30རིང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བཟོས་ཏེ་ཕྱོགས་སྟོན་བྱ་རྒྱུ་རེད། 

ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པས་ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། རེ་བར་ཀྲུང་གོ་དང་མཉམ་དུ་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་ཞུ་བའི་དབུ་ཚོགས་ལེགས་པོར་བསྡུས་ནས། ཐུན་མོང་ཐོག་གོ་སྐབས་དམ་འཛིན་དང་། འགྲན་སློང་ལ་ཁ་གཏད་གཅོག་པར་མཉམ་ལས་བྱ་ཞེས་བསྟན། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།