ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ནང་ཞུགས་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ནང་ཞུགས་རྒྱུར་སྐུལ་འདེད་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དཔར་ནས་བཀྲམ།

བསམ་འཆར་ནང་བསྟན་དོན། སྤྱི་ཚོགས་ཀྱི་མ་རྩ་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞིའི་དངུལ་གཏོང་དང་ཇུས་འགོད། ཉམས་གསོ། དོ་དམ་སྲུང་སྐྱོབ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་པར་སྐུལ་ལྕག་གཏོང་དགོས། སྤྱི་ཚོགས་ཀྱི་མ་རྩ་རང་བརྟེན་དངུལ་གཏོང་དང་སྲིད་གཞུང་དང་མཉམ་ལས། སྤྱི་ཕན་ཟབ་ཞུགས་སོགས་ཀྱི་རྣམ་པ་བརྒྱུད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ། དེའི་ནང་ཞུགས་པའི་གོ་རིམ་ཁ་གསལ་བཟོས་ནས། སྤྱི་ཚོགས་ཀྱི་མ་རྩ་གཙོ་བོ་སོ་སོར་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ། ཞིང་ཁའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ། གཏེར་རིའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བཅས་ཀྱི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ལ་འཚོལ་ཞིབ་བྱེད་དགོས། ལམ་ལུགས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་གསར་གཏོད་ཀྱི་ཐོན་དབང་ལ་སྐུལ་མ་གཏོང་བ་དང་། འབྲེལ་ཡོད་ཁེ་དབང་འདོན་པ། སུས་ཉམས་གསོ་བྱས་ན་དེར་ཕན་པ་ཐོབ་པའི་སྐྱེ་ཁམས་སྐྱོབ་དང་ཉམས་གསོ་ཡི་ཁྲོམ་རའི་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།