ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དང་ཆ་འཕྲིན་པུའུ་ཡིསAppརིགས38ལ་གནད་དོན་ཡོད་པ་རྩད་ཆོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས3ཉིན། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་གཞུང་ཕྱོགས་དྲ་བའི་སྟེང་བརྡ་ཁྱབ་སྤེལ་དོན། ཉེ་ཆར། སྤྱོད་མཁན་རྣམས་ཀྱིས་ཐེར་འདོན་བྱེད་ཚད་ཅུང་མང་པའི་སྣང་ཚུལ་ཏེ། APPསྐོར་ཞིག་གིས་ཁྲིམས་འགལ་གྱིས་སྤྱོད་མིའི་ཐོབ་དཔང་ལེན་པའམ་དགོས་མེད་ཀྱི་མཉེན་ཆས་ཕབ་ལེན་བྱེད་དུ་འཇུག་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་བྱས་ཤིང་། Appརིགས38ལ་གནད་དོན་ཡོད་པ་རྩད་ཆོད། བཟོ་ལས་དང་ཆ་འཕྲིན་པུའུ་ཡིསAppའདི་རིགས་ཀྱིས་ཟླ11པའི་ཚེས9ཉིན་གྱི་སྔོན་ལ་དག་ཐེར་ནུས་ལྡན་བྱ་རྒྱུའི་རེ་བ་བཏོན་ཡོད།  གལ་ཏེ་དུས་ལྟར་དག་ཐེར་མི་བྱེད་པའམ་ཡོ་བསྲང་མི་བྱེད་མཁན་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།