ཀྲུང་གོ་བོད་ཀྱི་དྲ་བ།

《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》ཟླ11པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས》ཟླ11པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། བཅའ་ཁྲིམས་དེར་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་དོན་བཞི་ཡོད་ཅིང་། མི་སྒེར་གྱི་ཆ་འཕྲིན་དང་ཚོར་སྣང་སྐྱེན་པའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པའི་སྒྲིག་སྲོལ་གསལ་བོར་གཏན་ལ་ཕབ་ཏེ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཞུ་གཏུག་དང་ཐེར་འདོན་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཁྲིམས་འགལ་བྱེད་སྤྱོད་ལ་ཆད་གཅོད་ནན་མོ་བྱས་ནས་ཕྱོགས་ཡོངས་ནས་ཁྱེད་ཀྱི་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད། རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་བསྡུ་རུབ་དང་བེད་སྤྱོད།ལས་སྣོན། བརྒྱུད་གཏོང་བཅས་བྱེད་མི་ཆོག་པ་དང་། མི་གཞན་པའི་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་ཉོ་འཚོང་དང་མཁོ་སྤྲོད། ཡོངས་བསྒྲགས་བཅས་བྱེད་མི་ཆོག མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་བེད་སྤྱད་ནས་རང་འགུལ་ངང་ཇུས་ཐག་གཅོད་པ་ལས། མི་སྒེར་གྱིས་ཉོ་ཚོང་རིན་གོང་སོགས་ཉོ་ཚོང་གི་ཆ་རྐྱེན་ཐད་ལུགས་མཐུན་མིན་པའི་ཁྱད་པར་གྱི་ཐོབ་ཐང་ལག་བསྟར་བྱས་མི་ཆོག དྲ་སྦྲེལ་ལས་སྟེགས་ཀྱི་ཞབས་ཞུ་གལ་ཆེན་དང་། སྤྱོད་མཁན་གྱི་གྲངས་འབོར་ཆེ་བ། ལས་སྒོའི་རིགས་རྙོག་འཛིང་ཆེ་བ་བཅས་ཀྱི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱིས་ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ནས་ལས་སྟེགས་ཀྱི་སྒྲིག་སྲོལ་བཟོས་ཏེ། ལས་སྟེགས་ནང་གི་ཐོན་རྫས་སམ་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་ཚད་ལྡན་དུ་གཏོང་བ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་པའི་འོས་འགན་གཏན་འབབས་གསལ་བོ་བྱས་ཡོད།  །

1128017697_16357345951131n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།