ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་ཀྲུང་དབྱང་གསར་བརྗེའི་རྟེན་གཞི་ཁུལ་བཙུགས་པ་དང་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་གསར་བརྗེའི་རྟེན་གཞི་ཁུལ་བཙུགས་པ་དང་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཀྲུང་དབྱང་གསར་བརྗེའི་རྟེན་གཞི་བཙུགས་པ་དང་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།  ཁོང་གིས་བསྟན་དོན། ཀྲུང་དབྱང་གསར་བརྗེའི་རྟེན་གཞི་ཁུལ་བཙུགས་པ་དང་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུས་ཏེ། ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལས་འགན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད་པ་དང་། གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོའི་ཉམས་མེད་ཀྱི་བྱས་རྗེས་ལ་དྲན་གསོ་ཞུ་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་ལམ་བུར་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་བྱ་བཞག་ལ་སྐུལ་འདེད་གཏོང་དགོས། 

ཟླ11པའི་ཚེས2ཉིན། ཀྲུང་དབྱང་གསར་བརྗེའི་རྟེན་གཞི་བཙུགས་པ་དང་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།   

ཝང་ཧུའུ་ཉིང་གིས་བསྟན་དོན། ལོ90ཡི་སྔོན་ལ། བློ་མཐུན་མའོ་ཙེ་ཏུང་མཚོན་བྱེད་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ཀྱི་མགོ་ཁྲིད་དེ། ཀྲུང་དབྱང་གསར་བརྗེའི་རྟེན་གཞི་དང་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་བཙུགས། དེས་ཏང་དང་གསར་བརྗེའི་སྲིད་དབང་གི་ཤུགས་རྐྱེན་ཆེ་རུ་ཕྱིན་པ་མ་ཟད། ས་ཞིང་གསར་བརྗེའི་དམག་འཁྲུག་གི་རྣམ་པ་གསར་པ་བཏོད་ཅིང་། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་བསུབ་ཐབས་མེད་པའི་ལེའུ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སུའུ་ཁུལ་དུ་ཐེངས་མང་ཕེབས་ནས་རྟོག་ཞིབ་བྱས་ཤིང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས། སུའུ་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་མི་རུང་བ་དང་། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་བརྗེད་མི་རུང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག སྐབས་དེའི་ཀྲུང་དབྱང་གསར་བརྗེའི་རྟེན་གཞིའི་བཙུགས་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ།  “འདུ་ཤེས་བཞི”གཏིང་ཟབ་དང་། “གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་སྔར་ལས་ལེགས་པོའི་སྒོ་ནས་འཁུར་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱ་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་རྒྱུན་ཆད་མེད་པར་སྦྱོང་བརྡར་དང་། ཕུགས་བསམ་དང་དད་སེམས་སྲ་བརྟན་དུ་གཏོང་དགོས། དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རླབས་ཆེན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ཁྲོད། བློ་སྟོབས་སྦྱོང་བརྡར་དང་རང་གཤིས་མི་ཉམས་པ་བྱས་ཏེ། དུས་རབས་གསར་པར་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་གཏོད་དགོས།

ཁྲེན་ཞི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང། སུན་ཁྲུན་ལན་དང་། ཧོང་ཁུན་མིང་། ཝན་ཨེ་ཞང་། ལིའུ་ཆི་པའོ། མེའོ་ཧྭ་བཅས་ཚོགས་འདུར་ཞུགས། 

བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་དང་། དམག་དོན་ཚན་རིག་ཁང་གི་ཡོན་ཀྲང་དབྱང་ཞུའེ་ཅུན། ཅང་ཤིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱི་ལེན་ཧུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཅང་ཞི་དང་། ཧྥུའུ་ཅན། ཀོང་ཏུང་བཅས་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། དམར་དམག་རྒན་པའི་གཉེན་ཉེའི་འཐུས་མི་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།