ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་ཡིས་ཝང་དབྱི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་ཀྱི་དུས་ཚོད་ཟླ10པའི་ཚེས31ཉིན། ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་ཡིས་རོ་མར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་སུ་ཞུགས་བཞིན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་པའམ་རྒྱལ་སྲིད་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ལ་མཇལ་འཕྲད་གནང་། 

ཝང་དབྱི་ཡིས་ཐོག་མར་ཀྲུང་གོའི་མགོ་ཁྲིད་པའི་ལུའེ་ཐེ་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་བྱས། ཝང་དབྱི་ཡིས་བཤད་རྒྱུར། སང་ལོ་ནི་ཀྲུང་གོ་དང་ཧོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་པས། སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོས་ཀྲུང་ཧོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཧོ་ལན་ཉིད་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི“སྒོ་མོ”བརྩིས་ཡོད། ཧོ་ལན་དང་མཉམ་དུ་ཉམས་མྱོང་ཕྱོགས་སྡོམ་དང་འབྱུང་འགྱུར་འཆར་འགོད་བྱས་ཏེ། ཀྲུང་ཧོའི་འབྲེལ་བ་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཅིང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྒུལ་ཤུགས་ཀྱང་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་རྒྱལ་མཐའ་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཕན་ཚུན་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་དང་གྲངས་གཞིའི་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཧོ་ལན་གྱིས་ཀྲུང་གོའི་ཁེ་ལས་ལ་སྒོ་འབྱེད་དང་འདྲ་མཉམ། མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་རེ་བ་ཡོད། 

ལུའི་ཐེ་ཡིས་ཝང་དབྱི་ལ་ཀྲུང་གོའི་མགོ་ཁྲིད་པར་སྨོན་འདུན་བཟང་པོ་བརྒྱུད་ཞུ་བྱས། ལུའེ་ཐེ་ཡིས་བསྟན་དོན། ཧོ་ལན་གྱིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པས་ཧོ་ལན་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་འགྲོ་བར་གོ་སྐབས་བསྐྲུན་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་དང་མཉམ་དུ་དོན་སྙིང་གལ་ཆེན་ལྡན་པའི་ལོ་འདིར་རྟེན་འབྲེལ་ཞུ་འདོད་ཡོད། ཧོ་ལན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་མདུན་ལམ་རྒྱ་ཆེན་པོ་ལྡན་པས། ཧོ་ལན་གྱིས་ཕྱོགས་གཉིས་ཀྱི་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོས་ཧོ་ལན་དུ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་དགའ་བསུ་ཞུ།  

ལུའེ་ཐེ་ཡིས་བསྟན་དོན། ཧོ་ལན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་ལ། གྲ་སྒྲིག་གནས་ཚུལ་ཤེས་རྟོགས་དང་ནང་ཞུགས་བྱ་རྒྱུའི་རེ་བ་ཡོད། ཝང་དབྱི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱས་ཚུལ་ངོ་སྤྲོད་གནང་ཞིང་། ཀྲུང་གོས་འཛམ་གླིང་ལ“སྟབས་བདེ། བདེ་འཇགས། ངོ་མཚར་ཆེ་བའི”ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་རྒྱུར་ཡིད་ཆེས་ཡོད་ཅེས་ནན་གྱིས་བསྟན། ཝང་དབྱི་ཡིས་བསྟན་དོན། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྲུང་གོར་གཉེར་བས་མི་དུང་ཕྱུར3གངས་འཁྱག་ལུས་རྩལ་ནང་ཞུགས་པར་ཚུར་འགུག་བྱས་ཏེ། གོ་ལ་ཧྲིལ་པོའི་ལུས་རྩལ་བྱ་གཞག་ཁྱབ་གདལ་དང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ནུས། ཀྲུང་གོས་ཧོ་ལན་དང་གངས་འཁྱག་ལུས་རྩལ་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ནང་དོན་གསར་པ་སྣོན་འདོད་ཡོད་ལ། ཧོ་ལན་གྱི་ལུས་རྩལ་པར་པེ་ཅིང་དུ་གྲུབ་འབྲས་ཡག་པོ་ཐོབ་པའི་སྨོན་འདུན་ཞུ། 

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཕྱོགས་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། ཝང་དབྱི་ཡིས་ཀྲུང་གོའི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་བྱེད་ཐབས་ནུས་ལྡན་དང་དེར་ཐོབ་པའི་དགེ་མཚན་ལྡན་པའི་ཕན་འབྲས་ངོ་སྤྲོད་གནང་ཞིང་། ལུའེ་ཐེ་ཡིས་ཀྲུང་གོས་ཕྱི་རྒྱལ་དུ་སོལ་གློག་གི་རྣམ་གྲངས་གསར་པ་མི་སྐྲུན་ཞེས་ཁྱབ་བསྒྲགས་བྱས་པར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀྲུང་གོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།