ཀྲུང་གོ་བོད་ཀྱི་དྲ་བ།

ཟླ9བར་རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན8420རྩད་ཆོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲ་ཚིགས་ཀྱིས་ཉེ་སྔོན་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་ཟླ་རེའི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2021ལོའི་ཟླ9བར་རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན8420རྩད་ཆོད་པ་དང་། མི11937(དེའི་ནང་ཞིང་ཆེན་པུའུ་རིམ་པའི་ལས་བྱེད་པ1དང་། ས་གནས་ཐིན་རིམ་པའི་ལས་བྱེད་པ43། རྫོང་ཁྲུའུ་རིམ་པའི་ལས་བྱེེད་པ758)ལ་ཁ་ཏ་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས་ཤིང་། མི8247ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་གཅོད་བྱས། 

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ9བར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན3931རྩད་ཆོད་པ་དང་། མི6004ལ་ཁ་ཏ་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ནང་། འགན་འཁྲི་འཁུར་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་འགན་འཁྲི་མི་ཁུར་བ་དང་ལས་དོན་མི་སྒྲུབ་པ། གང་འདོད་དུ་སྒྲུབ་པ། བྱས་རྗེས་རྫུན་བཟོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་སོགས་ཐད་ཀྱི་གནད་དོན་ཆེས་མང་བ་དང་། བསྡོམས་པས་དེའི་ཐད་ཀྱི་གནད་དོན3233རྩད་ཆོད་ལ། མི4949ལ་ཁ་ཏ་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ9བར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་བྱ་སྤྱོད་ཀྱི་གནད་དོན4489རྩད་ཆོད་པ་དང་། མི5933ལ་ཁ་ཏ་སློབ་གསོའི་རོགས་སྐྱོར་དང་ཐག་གཅོད་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།