ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ལི་ཡོན་གྱིས་ཐེན་ཅིན་ཀྲུའུ་ལི་ཡ་སློབ་གླིང་གི་སློབ་ར་ལེགས་འགྲུབ་བྱུང་བའི་མཛད་སྒོར་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་ཐེན་ཅིན་ཀྲུའུ་ལི་ཡ་སློབ་གླིང་གི་སློབ་ར་ལེགས་འགྲུབ་བྱུང་བའི་མཛད་སྒོར་རྟེན་འབྲེལ་ཞུ་ཡིག་སྤྲིངས། 

ཕིན་ལི་ཡོན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཐེན་ཅིན་རོལ་དབྱངས་སློབ་གླིང་དང་ཨ་རི་ཀྲུའུ་ལི་ཡ་སློབ་གླིང་གཉིས་ཀྱིས་ཆུ་ཚད་མཐོ་བའི་སྒྱུ་རྩལ་རིགས་ཀྱི་སློབ་སྒྲུབ་མཉམ་ལས་བྱས་ཏེ། ཀྲུང་ཨའི་མི་ཆོས་རིག་གནས་བརྗེ་རེས་ཐད་གར་སྟེགས་གསར་བ་ཞིག་སྐྲུན་པར་སྐུལ་འདེད་བྱས། སྒྱུ་རྩལ་ལ་རྒྱལ་མཚམས་མེད་ཅིང་དམངས་སེམས་དམ་དུ་འབྲེལ་བའི་ལྕགས་ཟམ་ལྟ་བུ་ཡིན། ཀྲུང་ཨ་ཕྱོགས་གཉིས་ཀྱིས་སློབ་གསོ་མཉམ་ལས་ལ་ཤུགས་བསྣན་པ་དེས་ཕུལ་བྱུང་འཇོན་མི་དེ་ལས་མང་པོ་སྐྱེད་སྲིང་བྱེད་པ་དང་། རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། སྒྱུ་རྩལ་དང་མཛའ་བརྩེ་བརྒྱུད་སྒྲོག་བྱེད་བ་བཅས་ལ་ཕན་ཐོགས་ངེས་ཅན་ཐོན་ཡོད། རེ་བ་ཡིན་ན་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་མི་ཆོས་འགྲོ་འོངས་རྒྱ་ཁབ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་ཉེ་བཅར་འབྱུང་བར་སྐུལ་འདེད་བཏང་སྟེ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་དམ་འབྲེལ་ཡོང་བར་སྒུལ་ནུས་སུ་འགྱུར་དགོས། 

ཐེན་ཅིན་རོལ་དབྱངས་སློབ་གླིང་དང་ཨ་རི་ཀྲུའུ་ལི་ཡ་སློབ་གླིང་གཉིས་མཉམ་སྒྲུབ་བྱས་པའི་ཐེན་ཅིན་ཀྲུའུ་ལི་ཡ་སློབ་གླིང་དང་ཐེན་ཅིན་རོལ་དབྱངས་སློབ་གླིང་ཀྲུའུ་ལི་ཡ་ཞིབ་འཇུག་གླིང་གི་སློབ་ར་ལེགས་གྲུབ་བྱུང་བའི་མཛད་སྒོ་ཉིན་དེར་ཐེན་ཅིན་གྲོང་ཁྱེར་དུ་བསྡུས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།