ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་གུང་གསེང་གི་བཀོད་སྒྲིག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་བརྡ་ཁྱབ་སྤེལ་དོན། 2022ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་བའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་བཅས་ཀྱི་ཞིབ་ཕྲའི་གུང་གསེང་གི་བཀོད་སྒྲིག་གནས་ཚུལ་གཤམ་གསལ་ལྟར། 

དང་པོ། 2022ལོའི་གནམ་ལོ་གསར་ཚེས། 2022ལོའི་ཟླ1པོའི་ཚེས1ཉིན་ནས་ཚེས3ཉིན་བར། བསྡོམས་པས་ཉིན3ཡོད།

གཉིས་པ། དཔྱིད་གསར་དུས་ཆེན། ཟླ1པོའི་ཚེས31ཉིན་ནས་ཟླ2པའི་ཚེས6ཉིན་བར། བསྡོམས་པས་ཉིན7ཡོད། ཟླ1པོའི་ཚེས29ཉིན(ཟླ་སྤེན་པ)དང་ཟླ1པོའི་ཚེས30ཉིན(གཟའ་ཉི་མ)ལས་ཚོགས་སུ་ཞུགས་དགོས།

གསུམ་པ། དྭངས་གསལ་དུས་ཆེན། ཟླ4པའི་ཚེས3ཉིན་ནས་ཚེས5ཉིན་བར། བསྡོམས་པས་ཉིན3ཡོད། ཟླ4པའི་ཚེས2ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

བཞི་པ། ངལ་རྩོལ་དུས་ཆེན། ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས4ཉིན་བར། བསྡོམས་པས་ཉིན5ཡོད། ཟླ4པའི་ཚེས24(གཟའ་ཉི་མ)དང་ཟླ5པའི་ཚེས7ཉིན(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།

ལྔ་པ། ལྔ་བའི་ཚེས་ལྔའི་དུས་ཆེན། ཟླ6པའི་ཚེས3ཉིན་ནས་ཚེས5ཉིན་བར། བསྡོམས་པས་ཉིན3ཡོད།

དྲུག་པ། ཟླ་མཆོད་དུས་ཆེན། ཟླ9པའི་ཚེས10ཉིན་ནས་ཚེས12ཉིན་བར། བསྡོམས་པས་ཉིན3ཡོད། 

བདུན་པ། རྒྱལ་སྟོན་དུས་ཆེན། ཟླ10པའི་ཚེས1ཉིན་ནས་ཚེས7ཉིན་བར། བསྡོམས་པས་ཉིན7ཡོད། ཟླ10པའི་ཚེས8ཉིན(གཟའ་སྤེན་པ)དང་ཟླ10པའི་ཚེས9ཉིན(གཟའ་ཉི་མ)ལས་ཚོགས་སུ་ཞུགས་དགོས།

གུང་གསེང་ལ་རོལ་བའི་སྐབས་སུ། ས་ཁུལ་དང་སྡེ་ཁག་སོ་སོས་ལས་རེས་དང་བདེ་འཇགས། འགོག་སྲུང་། རིམས་འགོག་སོགས་ཀྱི་ལས་དོན་འོས་འཚམ་ངང་བཀོད་སྒྲིག་བྱེད་དགོས། གལ་ཏེ་གློ་བུར་བའི་དོན་རྐྱེན་ཚབས་ཆེན་བྱུང་ན། སྒྲིག་སྲོལ་དང་བསྟུན་ཏེ་དུས་ལྟར་ཡར་ཞུ་དང་ཐག་གཅོད་འོས་འཚམ་བྱ་དགོས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ངང་དུས་ཆེན་རོལ་བར་འགན་སྲུང་བྱ་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།