ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ལག་ལེན་ཨང་ཉེར་གཅིག་པའི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས24ཉིན་གྱི་དུས་ཚོད9དང་སྐར་མ27གྱི་སྟེང་།  རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་སྤྱད་དེ། ལག་ལེན་ཨང་ཉེར་གཅིག་པའི་སྲུང་སྐར་བདེ་བླག་ངང་བར་སྣང་དུ་བཏང་ཞིང་། སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་བསྐྱལ་བས་ཐེངས་འདིའི་འཕེན་གཏོང་ལས་འགན་ལེགས་འགྲུབ་བྱུང་། 

ལག་ལེན་ཨང་ཉེར་གཅིག་པའི་སྲུང་སྐར་དེ་གཙོ་བོ་བར་སྣང་གི་ཆག་རོ་ཉུང་འཕྲི་ལག་རྩལ་གྱི་ཚོད་ལྟ་ར་སྤྲོད་ཐད་བཀོལ་རྒྱུ་རེད། 

ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་ཐེངས393པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།