ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་བཅའ་ཁྲིམས་བཟོ་བཅོས་བྱེད་སྐབས་དགེ་རྒན་བྱེད་ཆོག་པའི་ཚད་གཞི་ཇེ་མཐོར་གཏོང་བར་དམིགས་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས21ཉིན་སློབ་གསོ་པུའུ་ཡི་པུའུ་ཀྲང་ཧོའེ་ཅིན་ཕེང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་དགེ་རྒན་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་སྐབས།  དགེ་རྒན་བཅའ་ཁྲིམས་བཟོ་བཅོས་བྱེད་སྐབས་དགེ་རྒན་བྱེད་ཆོག་པའི་ཚད་གཞི་ཇེ་མཐོར་གཏོང་བར་དམིགས་རྒྱུ་དང་།  རིམ་པ་སོ་སོ་དང་རིགས་སོ་སོའི་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་གྱི་བླང་བྱ་མཐོ་རུ་གཏོང་རྒྱུ།  དགེ་རྒན་གྱི་ལས་ཞུགས་ཐོབ་ཐང་ཞིབ་དཔྱད་གཟན་ནན་དུ་གཏོང་བའི་ལམ་སྲོལ་འཛུགས་དགོས།  དགེ་རྒན་གདན་ཞུ་ལས་བསྐོས་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་འབྱེད་འགན་སྲུང་ལམ་སྲོལ་བཙུགས་ནས་ལས་མང་ཐོབ་མང་དང་འབྲས་བཟང་ཐོབ་བཟང་གི་གླ་ཆ་བགོ་བཤའི་ལམ་ལུགས་དང་རིམ་འཕར་ཕོགས་འཕར་ལམ་སྲོལ་བཙུགས་ནས།   དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་ངང་དཔེ་ཁྲིད་དང་སེམས་རྣལ་ལ་བབ་ནས་མི་སྣ་གསོ་སྐྱོང་བྱེད་པར་འགན་སྲུང་བྱེད་དགོས།  དགེ་རྒན་གྱི་བྱ་དགའ་དང་ཆད་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།  དགེ་རྒན་ལ་གཟེངས་བསྟོད་བྱེད་པའི་བླང་བྱ་གསལ་བོ་བཟོས་ནས་དགེ་རྒན་གྱི་སྒྲིག་འགལ་གནས་ཚུལ་དང་ཐག་གཅོད་བྱེད་ཐབས་ཞིབ་ཕྲ་བཟོ་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།