ཀྲུང་གོ་བོད་ཀྱི་དྲ་བ།

ཧྲིན་དབྱང་གྲོང་ཁྱེར་དུ་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས21ཉིན་གྱི་དུས་ཚོད8དང་སྐར་མ20ཡས་མས་སུ།  ཧྲིན་དབྱང་གྲོང་ཁྱེར་ཧི་ཕིན་ཆུས་སུ་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་། གསར་འགོད་པས་ཧྲིན་དབྱང་གྲོང་ཁྱེར་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། མིག་སྔར་དོན་རྐྱེན་ལས་མི4རྐྱེན་ལམ་དུ་ཤོར་བ་དང་། མི3ལ་རྨས་ལྗིད་མོ་ཕོག མི44ལ་རྨས་ཡང་མོ་ཕོག་འདུག མིག་སྔར་རྨས་མ་ཡོད་ཚད་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལས་བྱུང་བའི་གནོད་ཐབས་མང་ཚོགས་ལ་མགྲོན་ཁང36ནང་བཀོད་སྒྲིག་བྱས་ཡོད། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ད་དུང་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། 

རོགས་སྐྱོབ་བཀོད་སྒྲིག་ལྟར། ཧྲིན་དབྱང་གྲོང་ཁྱེར་གྱིས་མྱུར་དུ་མཁོ་བསྟུན་རོགས་སྐྱོབ་མ་ལག་བཙུགས་ཏེ། ཡུལ་དངོས་བཀོད་འདོམས་པུའུ་དང་དོན་རྐྱེན་བརྟག་དཔྱད་ཚོགས་པ་བཙུགས་ནས་མགྱོགས་མྱུར་ངང་གནོད་རྗེས་ཐག་གཅོད་ཀྱི་བྱ་བའི་ནང་ཞུགས་ཡོད། མེ་འགོག་འཚོལ་སྐྱོབ་རུ་ཁག་གིས་གས་གཏོར་བྱུང་སའི་ཁྱབ་ཁོངས་སུ་འཚོལ་སྐྱོབ་རིམ་པ་ཐེངས4བྱས་ཏེ་ཡང་བསྐྱར་དོན་རྐྱེན་དང་གནོད་པ་མི་འབྱུང་བར་གཏན་སྲུང་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།