ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བསྟུད་མར་ལོ12རིང་ལ་འཛམ་གླིང་གི་དངོས་ཟོག་ནང་འདྲེན་གྱི་ཚོང་ར་ཆེ་གྲས་གཉིས་པ་རུ་གྱུར་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས21ཉིན། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧྲུའུ་ཅའེ་ཐིན་གྱིས་བསྟན་དོན། 2020ལོའི་ལོ་མཇུག་བར་ཀྲུང་གོ་བསྟུད་མར་ལོ12རིང་ལ་འཛམ་གླིང་གི་དངོས་ཟོག་ནང་འདྲེན་གྱི་ཚོང་ར་ཆེ་གྲས་གཉིས་པ་རུ་གྱུར་ཡོད་པས་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་ཕྱིར་གཏོང་བྱ་ཡུལ་གཙོ་བོ་རུ་གྱུར་ཡོད།

ཀྲུང་གོའི་དུས་ཚིགས་སྔོན་མ་གསུམ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་གྲངས་ལྟར་ན། ཟླ1པོ་ནས9བའི་བར་ཀྲུང་གོས་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི2ལ་སླེབས་པ་དེ་དུས་མཉམ་དང་བསྡུར་ན32.6%ཡར་འཕར་ཡོད་པས་གཞི་ཁྱོན་སྟེང་བཤད་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། རྒྱལ་སྤྱིའི་ངོས་ཐད་ན་བཤད་ན། ད་ལོའི་ལོ་སྟོད་དུ་ཀྲུང་གོས་ནང་འདྲེན་བྱས་པའི་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་དུས་མཉམ་ལས་བརྒྱ་ཆའི་ཚེག0.7ནས12%བར་འཕར་ཡོད་པ་དེ། འཛམ་གླིང་གི་ནང་འདྲེན་འཕར་ཚད་ཀྱི15%ཟིན་པར་ནུས་པ་གལ་ཆེན་བཏོན་ཡོད།

ཧྲུའུ་ཅའེ་ཐིན་གྱིས་བཤད་རྒྱུར། ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་དང་མཉམ་ལས། མཐུན་སྒྲིལ། གཉིས་ཁེའི་འདུ་ཤེས་བཅས་བཅངས་ནས་ནང་འདྲེན་སྟོན་ཚོགས་སོགས་སྒོ་འབྱེད་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནང་འདྲེན་ཉོ་ཚོང་གིས་གསར་གཏོད་དཔེ་སྟོན་ཁུལ་འཛུགས་པར་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དང་། མུ་མཐུད་དུ་ཉོ་ཚོང་རང་དབང་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་དུ་བསླེབ་པར་བྱ་རྒྱུ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱ་རྒྱུ། རྒྱལ་ཁབ་སོ་སོ་དང་མཉམ་དུ་སྒོ་འབྱེད་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་རོལ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་འབྱུང་བར་དུས་མཉམ་དུ་སྐུལ་འདེད་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།