ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་བཞི་ཡི་ཤེས་བྱའི་རིག་མཛོད། ཁག་གཉིས་པ། (འདྲི་གཞི་དང་དྲིས་ལན་འདུས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྣ་གཅིག་གདམ་གསེས།

26.ང་ཚོའི་ཏང་གིས་ཁྱོན་ཡོངས་ནས་འཇར་འགོག་དམག་འཁྲུག་བྱེད་པའི་ལམ་ཕྱོགས་བཏོན་པའི་གྲོས་ཚོགས་ནི(     )ཡིན།

ཀ ཙུན་དབྱི་གྲོས་ཚོགས། 

ཁ ལུའོ་ཁྲོན་གྲོས་ཚོགས།

ག ཝ་ཡའོ་པའོ་གྲོས་ཚོགས།

ང ཚོགས་ཆེན་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།

27.གོ་གུང་ཏང་གཉིས་མཉམ་ལས་ཐེངས་གཉིས་པ་མངོན་འགྱུར་བྱུང་བའི་མཚོན་རྟགས་ནི(     )དེ་ཡིན།

ཀ ཞི་ཨན་དུས་འགྱུར་ཞི་བའི་སྒོ་ནས་ཐག་བཅད་པ།

ཁ བརྒྱད་གཅིག་གསུམ་དུས་འགྱུར་བྱུང་བའི་རྗེས་རྒྱལ་དམངས་སྲིད་གཞུང་གིས་རང་སྲུང་བྱ་དགོས་པའི་གསལ་བསྒྲགས་སྤེལ་བ།

ག དམར་དམག་ནི་རྒྱལ་དམངས་གསར་བརྗེའི་དམག་ཏུ་བཅོས་སྒྲིག་བྱས་པ།

ང གོ་མིན་ཏང་གིས《ཀྲུང་གུང་ཀྲུང་དབྱང་གིས་གོ་གུང་མཉམ་ལས་ཁྱབ་བསྒྲགས་བྱེད་ཆེད་སྤེལ་བའི་བསྒྲགས་གཏམ》ཞེས་པ་སྤེལ་བ་མ་ཟད་ཅང་ཅེ་ཧྲི་ཡི་ཁ་བརྡ་ཡང་སྤེལ་པ།

28.ཐེངས་དང་པོར་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམངས་གཙོ་གསར་བརྗེའི་རྩ་འཛིན་ཁ་གསལ་དུ་བཏོན་པའི་གྲོས་ཚོགས་ནི(         )ཡིན།

ཀ ཀྲུང་གུང་ཚོགས་ཆེན་དང་པོ།

ཁ ཀྲུང་གུང་ཚོགས་ཆེན་གཉིས་པ།

ག ཀྲུང་གུང་ཚོགས་ཆེན་གསུམ་པ།

ང ཀྲུང་གུང་ཚོགས་ཆེན་བཞི་པ། 

29.དུས་རབས20པའི་དུས་མགོར། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་དོན་རྐྱེན་ཆེན་མོ་གཉིས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པར་སྐུལ་འདེད་བཏང་བ་ནི(      )ཡིན།

ཀ 1911ལོའི་ལྕགས་ཕག་ལོའི་གསར་བརྗེ་དང1919ལོར་གུང་ཁྲན་རྒྱལ་སྤྱི་དབུ་བརྙེས་པ།

ཁ 1917ལོའི་ཨུ་རུ་སུའི་ཟླ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང1919ལོའི་ལྔ་བཞིའི་ལས་འགུལ།

ག 1921ལོའི་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་དང1924ལོར་ལེ་ཉིང་སྐུ་གཤེགས་པ།

ང 1911ལོའི་ལྕགས་ཕག་ལོའི་གསར་བརྗེ་དང1919ལོའི་ལྔ་བཞིའི་ལས་འགུལ།

30.འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་དཔལ་འབྱོར་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཆེད། ཏང་གིས་བཅིངས་འགྲོལ་ས་ཁུལ་དུ(      )ལ་མགོ་ཁྲིད་བྱས།

ཀ ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་ལས་འགུལ།

ཁ ཐོན་སྐྱེད་ཆེན་མོའི་ལས་འགུལ།

ག གསུམ་གསུམ་ལམ་ལུགས་ཀྱི་སྲིད་དབང་འཛུགས་པའི་ལས་འགུལ།

ང ཞིང་བདག་བསྐྲད་ནས་ས་ཞིང་བགོ་བའི་ལས་འགུལ།

31.ཏང་གི་རྩ་བའི་འཛུགས་སྐྱོང་ནི(     )ཡིན།

ཀ རིག་གནས་འཛུགས་སྐྱོང་།        ཁ སྤྱི་ཚོགས་འཛུགས་སྐྱོང་།

ག ཆབ་སྲིད་འཛུགས་སྐྱོང་།       ང དཔལ་འབྱོར་འཛུགས་སྐྱོང་།

32.འཕེལ་རྒྱས་ཀྱི་གནད་དོན་དེ་ཏང་གི་ངོ་བོ་དང་ཏང་གི(     )ལ་མཉམ་འབྲེལ་བྱས་ཏེ། འཕེལ་རྒྱས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་རྒྱལ་དར་ཡོང་བར་བྱེད་པའི་ལས་འགན་གལ་ཆེན་ཐོག་མ་ཡིན་ཞེས་གསལ་བོར་བཏོན།

ཀ ལམ་ཕྱོགས།     ཁ སྲིད་ཇུས།     ག སྲིད་སྐྱོང་གི་འདུ་ཤེས།     ང བྱེད་ཕྱོགས།

33.ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ཞིང་། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང(      )གྱི་གདོང་ལེན་རུ་ཁག་ཀྱང་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མགོ་ཁྲིད་བྱེད་པའི་སྲོག་ཤིང་དང་། ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་གྱི་རིག་གནས་གོང་དུ་སྤེལ་བའི་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་ཡིན།

ཀ སྤྱི་ཚོགས་གསར་པའི་གྲལ་རིམ།      ཁ ཀྲུང་ཧྭ་མི་རིགས།

ག ཤེས་ཡོན་ཅན།      ང ཞིང་པའི་གྲལ་རིམ།

34.ཏང་གི་ཚོགས་ཆེན་ཐེངས་བདུན་པ་ནི་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་བསྡུས་པའི་གལ་འགངས་ཤིན་ཏུ་ཆེ་བའི་འཐུས་མིའི་ཚོགས་ཆེན་ཐེངས་ཤིག་ཡིན་ཞིང་། (      )ཞེས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་གལ་ཆེན་ཞིག་གཏན་ལ་ཕབ་པ་དེ་ཉིད་ཏང་གི་སློབ་སྟོན་བསམ་བློ་ཡིན་པ་མ་ཟད་ཏང་གི་སྒྲིག་ཡིག་ནང་བཀོད་པ་རེད།

ཀ མར་ཁེ་སི་ལེ་ཉིན་རིང་ལུགས།

ཁ མའོ་ཙེ་ཏུང་གི་དགོངས་པ།

ག ཏེང་ཞའོ་ཕིང་གི་གཞུང་ལུགས།

ང  “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།

35.ཀྲུང་གོ་གུང་ཁྲན་ཏང་མིས་སུའུ་ཝེ་ཨེར་སྲིད་དབང་འཛུགས་པའི་ཚོད་ལྟ་ཐོག་མ་དེ(      )བྱུང་བ་རེད།

ཀ ནན་ཁྲང་འོས་ལངས།

ཁ སྟོན་སྡུད་འོས་ལངས།

ག ཀོང་ཀྲོའུ་འོས་ལངས།

ང ཀྲུང་ཧྭ་སུའུ་ཝེ་ཨེར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ།

36.(     )ལ་ངོ་རྒོལ་བྱས་ནས་སློབ་སྲོལ་དག་ཐེར་བྱེད་པ་ནི་སྤྱི་ལོ1942ལོ་ནས་མགོ་བརྩམས་པའི་ཏང་ཡོངས་ཀྱི་ཀུན་སྤྱོད་དག་ཐེར་ལས་འགུལ་གྱི་ལྟེ་བའི་ནང་དོན་ཡིན།

ཀ བཀས་བཀོད་རྒྱུད་འཛིན་རིང་ལུགས།      ཁ རང་མོས་རིང་ལུགས།

ག རང་ཤེད་རིང་ལུགས།      ང དཔོན་ཉམས་རིང་ལུགས།

37.ཀྲུང་གོ་རུ《གུང་ཁྲན་ཏང་གི་བསྒྲགས་གཏམ》སྒྱུར་མཁན་དང་པོ་ནི(     )ཡིན།

ཀ མའོ་ཙེ་ཏུང་།      ཁ ལི་ཏ་ཀྲའོ།     ག ཁྲེན་ཝང་ཏའོ།     ང ཁྲེན་ཏུའུ་ཞིའུ།

38.སྐོར་བཅོམ་ངོ་རྒོལ་ཐེངས་ལྔ་པའི་ཚུན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་ཐོག  སྟོབས་ཤུགས་ཡོད་དགུ་གཅིག་ཏུ་བསྡུས་ཏེ་སྐབས་དེའི་དམག་དོན་གྱི་གནད་དོན་དང་རྩ་འཛུགས་ཀྱི་གནད་དོན་ལ་ཐག་གཅོད་དོན་སྙིང་ལྡན་པའི་གྲོས་ཚོགས་ནི(      )ཡིན།

ཀ ལུའུ་ཧྭ་གྲོས་ཚོགས།       ཁ ཧྲ་ཝོ་གྲོས་ཚོགས། 

ག ལི་ཕིན་གྲོས་ཚོགས།       ང ཙུན་དབྱི་གྲོས་ཚོགས།

39.ཕུགས་བསམ་དང་དད་སེམས་བརྟན་པོར་གཏང་རྒྱུ་ནི་ཏང་གི་འཛུགས་སྐྱོང་གི(      )ཡིན།

ཀ དམིགས་ཡུལ།       ཁ རྨང་གཞི།       ག རྣམ་ཤེས།       ང ཁ་ཕྱོགས།

40.གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་ནི (      )ཡིན།

ཀ དྲག་པོའི་འཐབ་རྩོད།      ཁ འཐབ་ཕྱོགས་གཅིག་གྱུར།

ག ཏང་གི་མགོ་ཁྲིད།      ང མང་ཚོགས་ཀྱི་ལམ་ཕྱོགས།

41.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་མི་གྲངས(        )ཡོད།

ཀ ཁྲི450།       ཁ ཁྲི340།       ག ཁྲི500།       ང ཁྲི600།

42.1945ལོའི་ཟླ8པའི་ཚེས26ཉིན།  《ཀྲུང་གུང་ཀྲུང་དབྱང་གིས་གོ་མིན་ཏང་དང་མཉམ་དུ་ཞི་བའི་གླེང་མོལ་བྱ་རྒྱུའི་སྐོར་གྱི་བསྒྲགས་གཏམ》ལས(     )ཞེས་པའི་འབོད་ཚིག་ཆེན་མོ་གསུམ་བཏོན། 

ཀ ཞི་བདེ།  དམངས་གཙོ།  ཡར་ཐོན།         

ཁ ཞི་བདེ།  དམངས་གཙོ།  མཐུན་སྒྲིལ།

ག རང་བཙན།  རང་དབང་།  དམངས་གཙོ།      

ང དམངས་གཙོ།  རང་དབང་།  འབྱོར་ཕྱུག

43.ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ནི(     )ཡིན།

ཀ བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ།

ཁ སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱ་རྒྱུ།

ག ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ།

ང ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ།

44.མའོ་ཙེ་ཏུང་གི་དགོངས་པའི་བླ་སྲོག་ཁྲོད་ནས་ཁྱད་ཆོས་ཆེས་ཆེར་ལྡན་པ་དང་།ཆེས་རྩ་བར་གྱུར་བའི་རྩ་དོན་ཡིན་ཞིང་། མའོ་ཙེ་ཏུང་གི་དགོངས་པའི་གཞི་འཛིན་ས་དང་རྩ་བ་ནི(     )ཡིན།

ཀ རང་བཙན་རང་བདག

ཁ བསམ་བློ་བཅིངས་འགྲོལ།

ག དུས་བསྟུན་མདུན་སྐྱོད།

ང དངོས་ཐོག་བདེན་འཚོལ།

45.མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་ཆེད། ཏང་གིས་གཏན་འབེབས་དང་ལག་བསྟར་བྱས་པ་ནི(    )ཡིན།

ཀ མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་སྲིད་ཇུས།

ཁ མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས།

ག མི་རིགས་ཡུལ་ཁོངས་རང་སྐྱོང་ལམ་ལུགས།

ང གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས།

46. ཀྲུང་གོ་གསར་བ་དབུ་བརྙེས་པའི་ཐོག་མའི་དུས་སུ་འཕྲད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གཙོ་བོ་ནི(        )ཡིན།

ཀ མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱ་རྒྱུ།

ཁ རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱ་རྒྱུ།

ག དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་རྒྱུ།

ང གསར་བརྗེ་ངོ་རྒོལ་བར་དྲག་གནོན་བྱ་རྒྱུ།

47.ཏང་གི་ཀྲུང་དབྱང་མགོ་ཁྲིད་ཚོགས་པ་རབས་དང་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ(     )།

ཀ དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ལེགས་འགྲུབ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས།

ཁ དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ལེགས་འགྲུབ་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས།

ག དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ལེགས་འགྲུབ་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱས་ནས། དམངས་གཙོ་རིང་ལུགས་གསར་པའི་གཞི་རྩའི་ལམ་ལུགས་བཙུགས།

ང དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེ་ལེགས་འགྲུབ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས།

48.སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་ལས་ཀའི་གཙོ་གནད(         )སྟེང་དུ་སྤོར་རྒྱུ་ཐག་གིས་བཅད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད།

ཀ ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ།       ཁ དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུ།

ག རིག་གནས་འཛུགས་སྐྱོང་བྱ་རྒྱུ།       ང སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ།

49.ཀྲུང་གོས་ལག་ཏུ་བསྟར་བའི་སྲིད་ཏང་ལམ་ལུགས་ནི(      )ཡིན་ཞིང་། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཏང་གཉིས་སམ་ཏང་མང་ལམ་ལུགས་དང་མི་འདྲ་ལ། སྐབས་དེའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཞན་དག་གིས་ལག་ཏུ་བསྟར་བའི་ཏང་གཅིག་ལམ་ལུགས་དང་ཡང་ཁྱད་པར་ལྡན། 

ཀ ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས།

ཁ ཏང་མང་མཉམ་ལས་ལམ་ལུགས།

ག ཆབ་སྲིད་གྲོས་མོལ་ལམ་ལུགས།

ང མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས།

50.1982ལོར་བསྡུས་པའི(     )ལས་ཏིང་ཞའོ་ཕིང་གིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་དགོས”ཞེས་པའི་བརྗོད་གཞི་གསར་པ་དངོས་སུ་བཏོན། 

ཀ ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པ།

ཁ ཚོགས་ཆེན་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།

ག ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ།

ང ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པ།


དྲིས་ལན། 26.ཁ  27.ང  28.ཁ  29.ཁ  30.ཁ  31.ག  32.ག  33.ཁ  34.ཁ  35.ག  36.ག  37.ག  38.ང  39.ཁ  40.ཁ  41.ཀ  42.ཁ  43.ག  44.ང  45.ག  46.ཁ 47.ཁ  48.ཁ  49.ཀ  50.ཀ

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།