ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་བཞི་ཡི་ཤེས་བྱའི་རིག་མཛོད། ཁག་དང་པོ། (འདྲི་གཞི་དང་དྲིས་ལན་འདུས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཐུ་བོ་ཆེས་བསྒྱུར།   སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྣ་གཅིག་གདམ་གསེས།

 1.ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་དུས་ནི(         )ཡིན།

ཀ 1922ལོ།     ཁ 1920ལོ།     ག 1921ལོ།     ང 1919ལོ།

 2.ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་ནི(      )ཡིན།

ཀ ཀྲུང་གོའི་དེང་རབས་ལོ་རྒྱུས་ཀྱི་མགོ་ཚུགས་པ་མཚོན་པ།

ཁ མར་ཁེ་སིའི་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་བ།

ག ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་བྱས་པ་མཚོན་པ།

ང ཀྲུང་གོའི་ཉེ་རབས་གསར་བརྗེ་མགོ་ཚུགས་པའི་མཚོན་རྟགས།

 3.1921ལོའི(          )ཏང་གི་ཚོགས་ཆེན་དང་པོ་ཧྲང་ཧའེ་རུ་འཚོགས་པ་དང་ཉིན་མཐའ་མའི་ཚོགས་འདུ་དེ་ཀྲེ་ཅང་ཞིང་ཆེན་ཅ་ཤིན་ནན་ཧུའུ་རུ་སྤོས།

ཀ ཟླ6པའི་ཚེས20ཉིན།      ཁ ཟླ7པའི་ཚེས1ཉིན།

ག ཟླ7པའི་ཚེས23ཉིན།      ང ཟླ8པའི་ཚེས10ཉིན།

 4.ཀྲུང་གོ་གུང་ཁྲན་ཏང་གི་ཧྲུའུ་ཅི་དང་པོ་ནི(      )ཡིན།

ཀ ལི་ཏ་ཀྲའོ།     ཁ མའོ་ཙེ་ཏུང་།     ག ཁྲེན་ཏུའུ་ཞིའུ།     ང ཏུང་པི་ཝུའུ།

 5.ནན་ཁྲང་འོས་ལངས་དང་སྟོན་སྡུད་འོས་ལངས། ཀོང་ཀྲོའུ་འོས་ལངས་བཅས་ཀྱིས་རང་རེའི་ཏང་ལ་བསྩལ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གཏིང་ཟབ་ཤོས་ནི(      )ཡིན།

ཀ ངེས་པར་དྲག་ཤུགས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱ་དགོས་པ།

ཁ ངེས་པར་མི་དམངས་ཀྱི་དམག་དཔུང་གཟུག་དགོས་པ།

ག ངེས་པར་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བའི་བགྲོད་ལམ་དུ་བསྐྱོད་དགོས་པ།

ང ངེས་པར་རྒྱལ་འབངས་འཐབ་ཕྱོགས་གཅིག་གྱུར་འཛུགས་དགོས་པ།

 6.ཆེས་ཐོག་མར་ཀྲུང་གོར་མར་ཁེ་སིའི་རིང་ལུགས་ཁྱབ་སྤེལ་གཏོང་མཁན་གྱི་སྔོན་ཐོན་པ་ནི(    )ཡིན།

ཀ ཁྲེན་ཏུའུ་ཞིའུ།      ཁ ལུའུ་ཞུན།     ག ལི་ཏ་ཀྲའོ།     ང མའོ་ཙེ་ཏུང་།

 7.ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་རང་བདག་གི་སྒོ་ནས་མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པ་སྤྱད་དེ་རང་ཉིད་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ཐག་བཅད་པའི་གྲོས་ཚོགས་ནི(    )ཡིན།

ཀ ཀྲུང་གུང་ཚོགས་ཆེན་དང་པོ། 

ཁ ཙུན་དབྱི་གྲོས་ཚོགས།

ག ཀྲུང་གུང་ཚོགས་ཆེན་བརྒྱད་པ། 

ང ཀྲུང་གུང་ཚོགས་ཆེན་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།

 8.ཀྲུང་གོའི་གསར་བརྗེའི་ཐབས་མཆོག་ཆེན་པོ་གསུམ་དུ་ཚུད་མེད་པ་ནི(    )ཡིན།

ཀ འཐབ་ཕྱོགས་གཅིག་གྱུར།      ཁ དྲག་པོའི་འཐབ་རྩོད།

ག ཏང་གི་འཛུགས་སྐྱོང་།      ང སྤྱོད་ཚུལ་ལེགས་སྐྱོང་།

9.1927ལོའི་ཟླ8པའི་ཚེས1ཉིན། ཀྲོའུ་ཨེན་ལའེ་སོགས་ཀྱིས་མགོ་ཁྲིད་དེ(    )བསླངས་ཏེ། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་དྲག་པོ་བྱེད་པའི་མེ་མདའ་དང་པོ་བརྒྱབ། 

ཀ སྟོན་སྡུད་འོས་ལངས།     ཁ ཀོང་ཀྲོའུ་འོས་ལངས།

ག ནན་ཁྲང་འོས་ལངས།     ང ཡིའུ་ཅང་གཙང་པོའི་འོས་ལངས།

 10.ཀྲུང་གོ་གུང་ཁྲན་ཏང་གིས1927ལོར་ཧྲང་ཧའེ་རུ་བཙུགས་པའི་གཞུང་ལུགས་རང་བཞིན་ལྡན་པའི་ལས་ཁུངས་དུས་དེབ་ནི(       )ཡིན།

ཀ 《གཞོན་ནུ་གསར་པ》  ཁ 《གུང་ཁྲན་ཏང》

ག 《སྔོན་རབས་པ》     ང 《པུར་ཧྲི་ཝེ་ཁེ》

 11.1927ལོའི་ཟླ8པར་ཏང་གིས་བརྒྱད་བདུན་གྲོས་ཚོགས་ཐོག(     )བྱེད་ཕྱོགས་གཏན་འབེབས་བྱས་ཡོད།

ཀ གསར་བརྗེའི་དམག་དཔུང་འཛུགས་རྒྱུ།

ཁ ས་ཞིང་གསར་བརྗེ་དང་དྲག་པོའི་འོས་ལངས་བྱ་རྒྱུ།

ག གསར་བརྗེའི་གནས་གཞིའི་ཁུལ་འཛུགས་རྒྱུ།

ང གྲོང་ཁྱེར་གྱི་བཟོ་པའི་འཐབ་རྩོད་རྩ་འཛུགས་བྱ་རྒྱུ།

 12.ང་ཚོའི་ཏང་གི་ཆབ་སྲིད་ཀྱི་ཁྱད་ཡོན་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་ཡིན་ཞིང་། ཏང་གིས་སྲིད་དབང་བསྐྱངས་རྗེས་ཉེན་ཁ་ཆེ་ཤོས་ནི(     )ཡིན་ལ། དེ་ཡང་ཏང་སྲོལ་གྱི་གནད་དོན་དང་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བའི་གནད་དོན་ནི་ཏང་གི་དར་རྒུད་ཆགས་འཇིག་ལ་འབྲེལ་བའི་གནད་དོན་ཡིན།

ཀ མང་ཚོགས་དང་ཁ་བྲལ་བ།    ཁ ང་རྒྱལ་ཁེངས་དྲེགས།

ག ཕྱི་ཚུལ་རིང་ལུགས།    ང ཉམས་མྱོང་རིང་ལུགས།

13.ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་རྗེས་ཀྱི་ལོ་གཉིས་རིང་ཀྲུང་གུང་ཀྲུང་དབྱང་གིས་ཧུར་ཐག་སྒོས་ཏང་རྩ་འཛུགས་ལ་དག་ཐེར་བྱས་ཏེ། ཞིང་ཆེན་སོ་སོས་རེ་རེ་བཞིན་དུ་རྩ་འཛུགས་སླར་གསོ་བྱ་རྒྱུར་རོགས་རམ་བྱས་པ་མ་ཟད། (       )ནི་རྩ་འཛུགས་ཐད་ཀྱི་སྲོག་ཤིང་ཡིན་པའི་འབོད་ཚིག་ཏུ་བརྩིས།

ཀ གཞི་རིམ་དུ་ཟབ་ཞུགས་བྱེད་པ།     ཁ མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་པ།

ག ཏང་ཡོན་འཕེལ་རྒྱས་གཏོང་བ།      ང ཞིང་པ་སྐུལ་སློང་བྱེད་པ།

 14.1931ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་གིས་ཅང་ཞི(      )ནས་ཀྲུང་ཧྭ་སུའུ་ཝེ་ཨེར་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་ཤིང་། ཀྲུང་ཧྭ་སུའུ་ཝེ་ཨེར་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ཀྲུང་དབྱང་སྲིད་གཞུང་བཙུགས། 

ཀ ཅིན་ཀང་རི་བོ།     ཁ རུའེ་ཅིན།    ག ནན་ཁྲང་།      ང ཡུས་ཏུའུ།

 15.ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ(    )ཞེས་པའི་རྩ་འཛུགས་ཀྱི་རྩ་དོན་དང་མགོ་ཁྲིད་ཀྱི་ལམ་ལུགས་དེ་རྒྱུན་འཁྱོངས་བྱས།

ཀ ས་གནས་ཀྱིས་ཀྲུང་དབྱང་གི་ངག་བཀོད་ལ་ཉན་དགོས།

ཁ འོག་རིམ་གྱིས་གོང་རིམ་གྱི་ངག་བཀོད་ལ་ཉན་དགོས།

ག ཉུང་བས་མང་བའི་ངག་བཀོད་ལ་ཉན་དགོས།

ང དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས།

 16.གོ་གུང་མཉམ་ལས་ཐེངས་དང་པོ་དངོས་སུ་བཙུགས་པའི་མཚོན་རྟགས་ནི(       )དེ་ཡིན།

ཀ གོ་མིན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས་པ།

ཁ ཀྲུང་གུང་གི་ཚོགས་ཆེན་གསུམ་པ་བསྡུས་པ།

ག ཧོང་ཕུའུ་དམག་དཔོན་སློབ་གྲྭ་བཙུགས་པ།

ང བྱང་འདུལ་དམག་འཁྲུག་མགོ་ཚུགས་པ།

 17.གསར་བརྗེ་ཆེན་པོའི་དམག་འཁྲུག་སྐབས་སུ་གོ་གུང་མཉམ་ལས་ཐེངས་དང་པོ་བྱ་རྒྱུ་དང་གསར་བརྗེའི་འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུ་ནི(     )སྟེང་བཏོན་པ་ཞིག་ཡིན།

ཀ ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ།

ཁ ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ།

ག ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པ།

ང ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པ།

18.གསར་བརྗེ་ཆེན་པོ་ཕམ་རྗེས་ས་ཞིང་གསར་བརྗེའི་དམག་འཁྲུག་ཏུ་བསླེབས་པའི་ལོ་རྒྱུས་དཀྱོག་མཚམས་ཀྱི་མཚོན་རྟགས་ནི(       )ཡིན།

ཀ བརྒྱད་བདུན་གྲོས་ཚོགས།      ཁ ཙུན་དབྱི་གྲོས་ཚོགས།

ག ཀྲུང་གུང་ཚོགས་ཆེན་བཞི་པ།      ང ཀྲུང་གུང་ཚོགས་ཆེན་ལྔ་པ།

 19.1934ལོའི་ཟླ10པའི་ཚེས10ཉིན་ཅང་ཞིའི་རུའེ་ཅིན་སོགས་ས་ཁུལ་ནས་ལམ་ལ་ཆས་ཤིང་། 1935ལོའི་ཟླ10པའི་ཚེས19ཉིན་ཧྲན་ཞི་ཝུའུ་ཆི་གྲོང་རྡལ་དུ་བསླེབས་ཏེ་ལམ་ཐག་ལེ་དབར་ཉིས་ཁྲི་ལྔ་སྟོང་ལ་བསྐྱོད་པ་ནི(    )ཡིན།

ཀ དམར་དམག་དམག་དཔུང་དང་པོ།

ཁ དམར་དམག་དམག་དཔུང་གཉིས་པ།

ག དམར་དམག་དམག་དཔུང་བཞི་པ།

ང དམར་དམག་དམག་དཔུང་ཉེར་ལྔ་པ།

 20.1934ལོའི་ཟླ10པར་བསྐོར་བཅོམ་ངོ་རྒོལ་ལ་ཐེངས(    )པར་ཕམ་ཉེས་བྱུང་རྗེས། ཀྲུང་དབྱང་གི་གཙོ་ཤུགས་དམར་དམག་གིས་གོ་མིན་ཏང་གི་དམག་དཔུང་གི་སྐོར་བཅོམ་རྡུང་རྡེག་ལས་གྲོལ་ཆེད། བཙན་གྱིས་འཐབ་ཇུས་རང་བཞིན་གྱི་སྤོ་ནུར་བྱས་ཤིང་ཀྲུང་དབྱང་གི་གནས་གཞིའི་ཁུལ་ནས་གྱེས་ཏེ་རྒྱང་སྐྱོད་བྱས།

ཀ གཉིས།      ཁ གསུམ།      ག བཞི།        ང ལྔ།

 21.1935ལོའི་ཟླ12པར་ཏང་ཀྲུང་དབྱང་གིས(     )སྟེང་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བྱ་དགོས་པའི་སྲིད་ཇུས་བཏོན།

ཀ བརྒྱད་བདུན་གྲོས་ཚོགས།      ཁ ལུའོ་ཁྲོན་གྲོས་ཚོགས། 

ག ཝ་ཡའོ་པའོ་གྲོས་ཚོགས།       ང ཟླ་བཅུ་གཉིས་པའི་གྲོས་ཚོགས།

22.《དཔེ་དེབ་རིང་ལུགས་ལ་ངོ་རྒོལ་བྱ་དགོས》ཞེས་པའི་རྩོམ་ཡིག་ནང་དུ་མའོ་ཙེ་ཏུང་གིས་བཏོན་པའི་སྐད་གྲགས་ཆེ་བའི་རྣམ་བཤད་ནི(     )ཡིན།

ཀ བརྟག་དཔྱད་མ་བྱས་ན་སྐད་ཆ་བཤད་དབང་མེད།

ཁ ཆབ་སྲིད་བསམ་བློའི་ལས་ཀ་ནི་ལས་ཀ་མཐའ་དག་གི་སྲོག་རྩ་ཡིན།

ག མེ་མདའི་ཁ་ནས་སྲིད་དབང་ཐོན།

ང མར་ཁེ་སིའི་རིང་ལུགས་ངེས་པར་ཀྲུང་གོ་ཅན་དུ་བསྒྱུར་བ།

 23.ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་དམིགས་ཡུལ་དང་ལས་དོན་མཐའ་དག་གི་རྩ་བའི་གཞི་འཛིན་ས་ནི(       )ཡིན།

ཀ ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཡིན་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ།

ཁ དངོས་ཐོག་བདེན་འཚོལ།

ག སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད།

ང གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་དགོས་པ།

24.ཏང་གི་ལས་ཀའི་སྲོག་ཤིང་དེ་གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོར་བའི་ཆོད་དོན་ནི(        )སྟེང་ཐག་བཅད་པ་ཡིན།

ཀ ཏང་གི་ཚོགས་ཆེན་བདུན་པའི།

ཁ ཏང་གི་ཚོགས་ཆེན་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི།

ག ཏང་གི་ཚོགས་ཆེན་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི།

ང ཏང་གི་ཚོགས་ཆེན་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི།

 25.ཀྲུང་གོའི་གྲོང་གསེབ་ཀྱི་གསར་བརྗེའི་གནས་གཞི་ཁུལ་དང་པོ་ནི(     )ཡིན།

ཀ ཅིན་ཀང་རི་བོ།      ཁ ཙུའོ་ཡིའུ་ཅང་གཙང་བོ།

ག ཧུའུ་ནན་དང་ཅང་ཞི།      ང ཧྥུ་ཅན་དང་ཀྲེ་ཅང་། ཅང་ཞི།

དྲིས་ལན། 1.ག  2.ཁ  3.ག  4.ག  5.ག  6.ག  7.ཁ  8.ང 9.ག 10.  11.  12.ཀ  13.ཁ  14.ཁ  15.ང  16.ཀ  17.ག  18.ཀ  19.ཀ 20. ང  21.ག  22.ཀ  23.ཀ  24.ཁ  25.ཀ

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།