ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་གསར་བསྐོའི་ཙུང་ཏུའུ་ཅི་ལུའོ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་གྱི་གསར་བསྐོའི་ཙུང་ཏུའུ་ཅི་ལུའོ་ལ་གློག་འཕྲིན་བཏང་ནས། མོ་རང་ནེའུ་ཙི་ལན་གྱི་ཙུང་ཏུའུ་རུ་བསྐོས་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་ཕན་ཚུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར49སོང་རིང་། ཀྲུང་ནེའུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་བྱུང་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ལ“དང་པོ”མང་པོ་ཞིག་བཏོད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཀྲུང་ནེའུ་ཕྱོགས་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོ་སོགས་ཀྱི་ཐད་ཕན་འབྲས་ཐོན་པའི་མཉམ་ལས་བྱས་ཡོད། ངས་ཀྲུང་ནེའུ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཏུའུ་ཅི་ལུའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གླེང་མོལ་དང་འབྲེལ་འདྲིས། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་ནེའུ་ཡི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།