ཀྲུང་གོ་བོད་ཀྱི་དྲ་བ།

སྣུམ་རིན་ལ་ཡང་བསྐྱར་འགྱུར་ལྡོག་བྱུང་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས18ཉིན་གྱི་ཞོགས་པར། རྒྱལ་སྤྱིའི་སྣུམ་རིན་མུ་མཐུད་ཅུང་ཙམ་འཕར་བ་དང་བསྟུན། རྒྱལ་ནང་གི་སྣུམ་གོང་མུ་མཐུད་འཕར་བས། གཟའ་འཁོར་འདིའི་གཟའ་པ་སངས་ཀྱི་དགོང་མོའི་ཆུ་ཚོད12ཀྱི་སྟེང(ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད4པར)ལག་བསྟར་བྱ་རྒྱུ་རེད། སྔོན་དཔག་ལྟར་ན་སྣུམ་རིན་སླར་ཡང་འཕར་རྒྱུ་ཡིན་ལ། མིག་སྔའི་བསྡོམས་རྩིས་འཕར་ཚད་སྒོར་ཟུར2ལས་བརྒལ་ངེས་པ་དང་། རྒྱལ་སྤྱིའི་སྣུམ་རིན་མུ་མཐུད་འཕར་ནས། ཕལ་ཆེར་འཕར་ཚད་མུ་མཐུད་དུ་ཇེ་མཐོ་རུ་འགྲོ་སྲིད་པས། གྲོགས་པོ་ཚོས་སྔོན་ལ་སྣུན་སྣོན་པར་འཚལ།

ཟླ10པའི་ཚེས18ཉིན། ལས་ཚོགས་ཀྱི་ཉིན་མོ་དྲུག་པར། རྒྱལ་ནང་གི་སྣུམ་རིན་དུས་འཁོར་གྱི་བསྡོམས་རྩིས་བརྒྱབ་པ་ལྟར་ན། ཏུན་རེར་སྒོར280འཕར་རྒྱུ་དང་ཕབ་གཅོག་ལྟར་རྩིས་ན་ཧྲིན་རེར་སྒོར0.22ནས0.24བར་འཕར་སྲིད་ལ། ཧྲིན50ལྟར་རྩིས་ན་སྒོར11ཡས་མས་ཀྱིས་འཕར་བ་དང་། རིན་གོང་སྙོམ་སྒྲིག་ཆུ་ཚོད་ནི་ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད24ཡི་སྟེང་ཡིན་པ་རེད།

(རྒྱལ་སྤྱིའི་སྣུམ་རིན〉གཟའ་ཟླ་བའི(ཟླ10པའི་ཚེས18ཉིན)ཞོགས་པའི་བསྡོམས་རྩིས་ལྟར་ན། རྒྱལ་སྤྱིའི་སྣུམ་རིན་འཕར་བ་དང་ཉིའུ་ཡུའེ་ཚོང་ཟོག་ཉོ་ཚོང་སུའོ་ཡིས་ཟླ11པར་ཚོང་ཟོག་རྩིས་སྤྲོད་བྱས་པའི་མ་བཅོས་རྡོ་སྣུམ་གྱི་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར0.69འཕར་བ་དང་། ཟོམ་རེར་ཨ་སྒོར82.42ཡིན་ལ། འཕར་ཚད0.83%ཟིན། ཟླ12པར་ཚོང་ཟོག་རྩིས་སྤྲོད་བྱེད་པའི་ལོན་ཏོན་གྱི་པུའུ་ལུན་ཐེའི་སྔོན་ཆད་ཀྱི་སྣུམ་རིན་དུས་བཅད་ཚོང་ཟོག་གི་རིན་གོང་ཨ་སྒོར0.47འཕར་ཡོད་པ་དང་། ཟོམ་རེར་ཨ་སྒོར85.33ཡིན་ལ། འཕར་ཚད0.55%ཟིན་ཡོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།