ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ལོ་ཆུང་བྱིས་པར་མྱུར་སྐྱོབ་སློབ་གསོ་སྤེལ་བའི་འཆར་གཞི་དངོས་འབེབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སློབ་གསོ་པུའུ་ཡིས་ལོ་ཆུང་བྱིས་པར་མྱུར་སྐྱོབ་སློབ་གསོ་སྤེལ་བའི་འཆར་གཞི་དངོས་འབེབས་བྱ་དགོས་ཞེས་བརྡ་ཐོ་བཀྲམ་སྟེ། རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གིས་མྱུར་སྐྱོབ་སློབ་གསོའི་ཚོད་ལྟ་བྱ་བ་སྤེལ་མགོ་ཚུགས་ཤིང་། མཐོ་འབྲིང་དང་མཐོ་སློབ150ལྷག་ཐེངས་འདིའི་བྱ་འགུལ་ནང་ཞུགས་སུ་འཇུག་རྩིས་ཡོད་པ་རེད། ཐེངས་འདིའི་འོས་འགན་གཙོ་བོར་སློབ་རའི་མྱུར་སྐྱོབ་ཤེས་བྱ་ཁྱབ་གདལ་དང་སློབ་རའི་མྱུར་སྐྱོབ་སྒྲིག་ཆས་སྒྲིག་སྦྱོར། མཁོ་བསྟུན་སྲོག་སྐྱོབ་ཤེས་བྱ་གསོ་སྐྱོང་བཅས་ཀྱི་ནང་དོན་འདུས་ཡོད་དེ། སློབ་རའི་རྒྱུན་མཐོང་གི་དབུགས་ལམ་བཀག་པ་སོགས་གྲབས་མྱུར་སྲོག་སྐྱོབ་བྱེད་སྟངས་དང་། ཁྲག་བཞུར་བའམ་ཁྲག་གཅོད་པ། རུས་ཚིགས་ཐོར་བ་སོགས་རྨ་ཁ་གསོ་བཅོས་བྱེད་སྟངས། ཆུ་ནང་དུ་ནུབ་པའམ་འཚིག་རྨས་བྱུང་བ། ཚ་གདུག་ཕོག་པ་སོགས་བསམ་ཡུལ་ལས་འདས་པའི་གནོད་འཚེ་འགོག་པའམ་གསོ་བཅོས་བྱེད་སྟངས། མེ་སྐྱོན་དང་ས་ཡོམ། རྡོག་རྫིས་ཐེབས་པ་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་མཁོ་བསྟུན་ཉེན་སྐྱོབ་བྱེད་པ་བཅས་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣོན་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།