ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ10པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཡུན་ནན་ཁུན་མིང་དུ《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཡུན་ནན་ཁུན་མིང་དུ《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། 

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་འཛམ་གླིང་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་དབུལ་འཕྲི་བྱ་གཞག་ལ་སྤྱི་འདོམས་སྐུལ་འདེད། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་ནང་གཏིང་ཟབ་ངང་ཞུགས་པ་བཅས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་ཡོད། མ་འོངས་པར། ཀྲུང་གོས་སྔར་ལས་ཆེ་བའི་ཤུགས་ཚད་དང་སྔར་ལས་ཏན་ཏིག་གི་བྱེད་ཐབས་སྤྱད་དེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་དུས་སྐབས་གསར་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་བཟོས་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་གཏིང་ཟབ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གལ་ཆེན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྐྱེ་ཁམས་མ་ལག་དང་སྐྱེ་དངོས་རིགས། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་གལ་ཆེན་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུ་ཡིན། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་དྲིལ་སྒྲོག་སློབ་གསོ་དང་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་སྤྱི་དམངས་རྣམས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཧུར་ཐག་སྒོས་ཞུགས་པར་ཁྲིད་སྟོན་དང་སྐུལ་ཁྲིད་བྱ་རྒྱུ་ཡིན།

 ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་ལས་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས། ཐེངས་འདིའི་ཚོགས་ཆེན་གྱི་མགྲོན་བདག་རྒྱལ་ཁབ་ཀྱི་འོས་འགན་ཏན་ཏིག་གིས་སྒྲུབ་པ་དང་། ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཁྱོན་ཡོངས་ནས་དོ་མཉམ་དང་། ནུས་ཤུགས་ལྡན་པ། ལག་བསྟར་ཐུབ་པ་བཅས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་སྒྲོམ་གཞི་ཆགས་པ་བྱས་ནས། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཧན་ཀྲེང་གིས་ཚོགས་ཞུགས་ཕྱོགས་སོ་སོར་གྲོས་མགོ་གསུམ་བཏོན་ཡོད་དེ། གཅིག་ནི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ནས་བློ་སྟོབས་འཕེལ་བ་བྱ་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་སྐུལ་འདེད་དང་གླེང་མོལ་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ནས། བློ་སྟོབས་དང་དངོས་སྒྲུབ་གཉིས་ལྡན་གྱི་ལམ་བུར་བསྐྱོད་དེ། 2020ལོའི་རྗེས་ཀྱི་བྱེད་སྤྱོད་དམིགས་ཚད་ཚན་རིག་དང་མཐུན་པའི་ངང་བཟོ་དགོས། གཉིས་ནི་མ་དངུལ་འཇོག་གྲངས་ཇེ་མང་དུ་བཏང་ནས་ཐོན་ཁུངས་སྒུལ་འདྲེན་བྱ་དགོས། མ་དངུལ་འཇོག་པའི་ཐབས་ལམ་སྣ་ཚོགས་རྒྱ་ཆེར་བཏང་ནས། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་དང་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་རྒྱབ་སྐྱོར་སྔར་ལས་ཆེ་བ་བྱ་དགོས། གསུམ་ནི་འཕོ་འགྱུར་ཇེ་མགྱོགས་སུ་བཏང་ནས་མཐུན་སྦྱོར་དང་ཕན་འབྲས་ཆེ་རུ་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གནས་བབ་དང་པོར་བཞག་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་འཕོ་འགྱུར་ལ་སྐུལ་འདེད་གཏོང་དགོས། རང་བྱུང་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་ཅན་ཤོར་བ། འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་ཁོར་ཡུག་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་དགོས།   

《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་བརྗོད་དོན་གཙོ་བོ་ནི“སྐྱེ་ཁམས་དཔལ་ཡོན་གྱིས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”ཞེས་པ་དེ་རེད། ཆིངས་ཡིག་འཇོག་མཁན140ལྷག་དང་། རྒྱལ་སྤྱིའི་སྒྲིག་གཞི་དང་རྩ་འཛུགས30ལྷག་གི་འཐུས་མི5000ལྷག་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་སྒོས་ཚོགས་ཆེན་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།