ཀྲུང་གོ་བོད་ཀྱི་དྲ་བ།

དངོས་བྲིས་བརྙན་ཟློས《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་ཡང་བསྐྱར་གཏོང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཁབ་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་གྱི་ཚོགས་ཆེན་འཚོག་པའི་སྐབས་སུ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཀྱི་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྩ་འཛུགས་གསར་བརྩོམ་བྱས་པའི་སྐྱེ་ཁམས་དཔལ་ཡོན་གྱི་དངོས་བྲིས་བརྙན་ཟློས་ཆེ་གྲས《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་འབྲེལ་ཡོད་བརྗོད་དོན་དངོས་བྲིས་བརྙན་ཟློས་སུ་བདམས་ནས། ཟླ10པའི་ཟླ་མཇུག་བར་དུ་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་སྟོན་རྒྱུ་རེད། དུས་མཚུངས་སུ། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་འབྲེལ་ཡོད་བརྗོད་དོན་མཐོང་སྙན་ལེ་ཚན་དུ་བདམས་ནས་རྒྱལ་ཁབ་ཕྱི་རུ་བཤམ་གཏོང་བྱ་རྒྱུ་སྟེ། ཚོགས་ཆེན་ཁུན་མིང་དུ་འཚོག་པ་དང་བསྟུན་ནས། ཟླ10པ་ནས་ཟླ11པའི་བར། རྒྱལ་ཁབ་ཕྱིའི་འབྲེལ་ཡོད་སྟེགས་བུར་བཏང་ནས། འཛམ་གླིང་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྟོན་རྒྱུ་རེད། འདི་ནི་གསར་འགོད་པས་ཟླ10པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་ཤེས་པའི་བརྡ་འཕྲིན་རེད། 

དངོས་བྲིས་བརྙན་ཟློས《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》གིས་ཁྱོན་ཡོངས་ནས་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་བསྟར་བ་དང་། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པ། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་ལག་ལེན་གསོན་པོ་ཡིན། བརྙན་ཟློས་དེར་ལེའུ་གསུམ་དང་ཁྱོན་སྐར་མ150ཡོད། དེས་གཙང་གསུམ་འབྱུང་ཡུལ་གྱི་འཁྱག་རི་ནས་མཚེའུ་ན་གཞུང་དང་རི་ཀླུང་གྲམ་ཐང་། འབྲི་ཆུའི་འབྱུང་ཡུལ་ནས་རྫ་ཆུའི་འབྱུང་ཡུལ། རྨ་ཆུའི་འབྱུང་ཡུལ་ནས་མཚོ་སྔོན་པོ་དང་མདོ་ལ་རི་བོ། མཚོ་སྔོན་གྱི་ལྷ་བྱང་གི་རྒྱལ་ཁབ་སྤྱི་གླིང་གཉིས་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་མང་པོ་བརྒལ་ཏེ། ཐོབ་ཐང་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་མི་སྣས་མཐོ་སྒང་ས་ཆ་འདི་ཞིབ་བརྗོད་བྱས་པ་བརྒྱུད། ཚན་རིག་དང་། འཆར་སྣང་། ལྷད་དག བབ་ཆགས་ཀྱི་ཟུར་ཚད་ནས། རང་བྱུང་ཁམས་དང་མིའི་རིགས་ལ་ཡང་བསྐྱར་རྒྱུས་ལོན་བྱས་ནས། འཕེལ་རྒྱས་དང་དོ་མཉམ། རྣམ་དག་དང་ཡུན་གཏན་ལ་འཚོལ་ཞིབ་བྱས། དངོས་བྲིས་བརྙན་ཟློས་ཀྱིས་རང་ཤུགས་ཀྱིས་ལྟད་མོ་བས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་བསམ་གཞིགས་བྱེད་པར་ཁྲིད་དེ།   སྐྱེ་ཁམས་ཁོར་ཡུག་དང་མིའི་རིགས་འཕེལ་རྒྱས་ཀྱི་འབྲེལ་བར་རིགས་དནལ་གིས་འཚོལ་ཞིབ་བྱས་ནས། འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལེགས་སྐྱེས་ངོམ་ཞིང་། ཀྲུང་གོའི་སྐྱེ་ཁམས་བཅོས་སྐྱོང་གི་ཉམས་མྱོང་ཁྱབ་གདལ་གཏོང་དགོས་ལ། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་བརྒྱུད་བསྒྲགས་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།