ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཟླ9པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར32006ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས7ཉིན་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། 2021ལོའི་ཟླ9པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར32006ལ་སླེབས་པ་དེ་ཟླ8པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར315མར་ཆགས་ཤིང་། མར་ཆགས་ཚད0.97%རེད། 

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུང་དབྱིན་གྱིས་ངོ་སྤྲོད་པ་ལྟར་ན། 2021ལོའི་ཟླ9པར་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་པྲོག་གསར་གློ་ཚད་རིམས་ནད་དང་རྒྱལ་ཁབ་གཙོ་བོ་དག་གི་དངུལ་ལོར་སྲིད་ཇུས་སོགས་ཀྱི་ཤུགས་རྐྱེན་འོག ཨ་སྒོར་གྱི་སྟོན་གྲངས་ཡར་འཕར་བ་དང་རྒྱལ་ཁབ་གཙོ་བོ་དག་གི་དངུལ་རྩའི་རྒྱུ་ནོར་གྱི་རིན་ཐང་གཞི་རྩའི་སྟེང་ནས་མར་ཆགས་པ་རེད། 

“ཕྱི་དངུལ་གསོག་འཇོག་བྱེད་པར་ཨ་སྒོར་དེ་ཚད་འཛིན་གྱི་དངུལ་ལོར་དུ་འཛིན་པས་ཨ་སྒོར་མ་ཡིན་པའི་དངུལ་ལོར་རྣམས་ཨ་སྒོར་དུ་བསྒྱུར་རྗེས་དངུལ་གྲངས་ཇེ་ཉུང་དུ་འགྲོ་བ་དང་། རྒྱུ་ནོར་རིན་ཐང་ལ་འགྱུར་ལྡོག་བྱུང་བ་བཅས་ཀྱི་ཐུན་མོང་གི་ཤུགས་རྐྱེན་འོག ཟླ་དེའི་ཕྱི་དངུལ་གྱི་གསོག་འཇོག་ཚད་མར་ཆགས་པ་རེད” ཝང་ཁྲུང་དབྱིན་གྱིས་དེ་ལྟར་བཤད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།