ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨན་ཐེན་ཝུན་ཞོང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཅུ་པའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨན་ཐེན་ཝུན་ཞོང་ལ་གློག་འཕྲིན་བཏང་སྟེ་ཁོ་རང་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས་པར་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐུན་མོང་ལྟ་ཚུལ་ལ་སྲུང་སྐྱོབ་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་དུ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་སང་ལོར་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་ལྔ་བཅུ་འགོར་བར་བསུ་མ་བྱེད་དགོས་ཞེས་གསུངས། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།