ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་གི་རླབས་ཆེའི་སྙིང་སྟོབས་སྐོར་དང་པོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཡུན་རིང་གི་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རླབས་ཆེན་རབ་དང་རིམ་པ་འཛུགས་སྐྲུན་བྱས་ཤིང་། ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་ཐེབས་ཡོད། ཉེ་ཆར་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་ཏུ་ཚུད་པའི་རླབས་ཆེའི་སྙིང་སྟོབས་སྐོར་དང་པོ་གསེད་བཀྲོལ་བྱེད་པར་ཆོག་མཆན་སྤྲད་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར72ལོན་པའི་མཚམས་སུ་ཁྱབ་བསྒྲགས་བྱས་པ་རེད།

ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་ཏུ་ཚུད་པའི་རླབས་ཆེའི་སྙིང་སྟོབས་སྐོར་དང་པོ་ནི་ཏང་འཛུགས་ཀྱི་སྙིང་སྟོབས་དང་། ཅིན་ཀང་ཧྲན་གྱི་སྙིང་སྟོབས། སུའུ་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས། ཧུང་ཡན་གྱི་སྙིང་སྟོབས། ཞི་པའེ་ཕོ་ཡི་སྙིང་སྟོབས། ཀྲའོ་ཅིན་གྱི་སྙིང་སྟོབས། བྱང་ཤར་འཇར་འགོག་མཉམ་འབྲེལ་གྱི་སྙིང་སྟོབས། ནན་ཉི་མཚོ་ཁུག་གི་སྙིང་སྟོབས། ཐའེ་ཧང་གི་སྙིང་སྟོབས།(ལུའི་ལིའང་གི་སྙིང་སྟོབས) རི་བོ་ཏ་པེ་ཧྲན་གྱི་སྙིང་སྟོབས། དབྱི་མེང་གི་སྙིང་སྟོབས། གསར་བརྗེའི་གནས་གཞི་རྙིང་པའི་སྙིང་སྟོབས།  ཀྲང་སི་ཏེ་ཡི་སྙིང་སྟོབས། ཨ་འགོག་ཁྲོ་རོགས་ཀྱི་སྙིང་སྟོབས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། ལེ་ཧྥིང་གི་སྙིང་སྟོབས། ཅོ་དབྱི་ལུའུ་ཡི་སྙིང་སྟོབས། ཏ་ཅིང་གི་སྙིང་སྟོབས།(ལྕགས་མིའི་སྙིང་སྟོབས) ཧུང་ཆི་ལིའང་གི་སྙིང་སྟོབས། བྱང་གི་ས་རྒོད་ཀྱི་སྙིང་སྟོབས། སའེ་ཧན་པ་ཡི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས། བོད་ལྗོངས་རྙིང་པའི་སྙིང་སྟོབས། (ཁུང་ཧྥན་སུན་གྱི་སྙིང་སྟོབས) ནུབ་སྐྱོད་སྙིང་སྟོབས། ཝང་ཅེའི་སྙིང་སྟོབས། བཅོས་སྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས། ཆེད་ཁུལ་གྱི་སྙིང་སྟོབས། ཞོད་རྒོལ་གྱི་སྙིང་སྟོབས། “ཧྥེ་ཏེན”ལ་རྒོལ་བའི་སྙིང་སྟོབས། ཡོམ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས། མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས། ཕྲེང་གྲུག་སྐྱེས་མའི་རུ་ཁག་གི་སྙིང་སྟོབས། དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས། “གླང་གསུམ”གྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། ཁེ་ལས་པའི་སྙིང་སྟོབས། ཟླ་བའི་འཚོལ་ཞིབ་སྙིང་སྟོབས། དུས་རབས་གསར་བའི་བྱང་སྐར་སྙིང་སྟོབས། དར་གོས་ཚོང་ལམ་སྙིང་སྟོབས་བཅས་ཡིན།   སྙིང་སྟོབས་འདི་དག་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་དུས་ཡུན་རིང་པོའི་ནང་ཆགས་པའི་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་གཅིག་སྡུད་ཐོག་མངོན་པ་དང་། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིའི“ཚེ་སྲོག་ཤོར་ཡང་ག་ལ་ཕངས། ། ཉི་ཟླ་ཁྲིད་དེ་གནམ་ས་བརྗེ”བའི་འབད་འཐབ་སྙིང་སྟོབས་མཚོན་ཡོད། 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་“བདུན་གཅིག་”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཏང་འཛུགས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྒྱུན་དྲིལ་བསྒྲགས་གཏིང་ཟབ་བྱས་ནས། དེ་ཉིད་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་། “ལོ་རྒྱུས་བཞི་”དྲིལ་སྒྲོག་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པར་སྐུལ་མ་གཏོང་དགོས། རྒྱུན་ཆད་མེད་པར“འདུ་ཤེས་བཞི”གཏིང་ཟབ་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་སྙིང་སྟོབས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།