ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་གྲངས་འཛིན་དཔེ་དེབ་སྐོར་ཞིག་དྲ་ལམ་དུ་བསྒྲགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་དཔེ་དེབ་ཀློག་པའི་དགོས་མཁོ་སྐོང་ཆེད། ཉེ་དུས“དུས་རབས་གསར་བ། གླེགས་བམ་གསར་བ། ཞི་ཅིན་ཕིང་གི་དུས་རབས་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་གྲངས་འཛིན་དཔེ་དེབ་གཙོ་བོའི་ཆེད་སྒྲིག”ཏུ་གྲངས་འཛིན་དཔེ་དེབ་གཙོ་བོ་སྐོར་ཞིག་བསྣན་ཡོད། 

གསར་དུ་བསྣན་པའི་གྲངས་འཛིན་དཔེ་དེབ་གཙོ་བོར་རིགས48ཡོད། དེ་དག་སོ་སོར་མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་། ཕྱི་ཡིག་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ལས་ཁུངས11གིས་དཔེ་སྐྲུན་བྱས་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གྲགས་ཅན་དང་གཏམ་བཤད་ཀྱི་དེབ་རྐྱང་མ། རིག་འགྲེལ་གྱི་ནང་དོན་གནད་བསྡུས། བསམ་བློའི་ཞིབ་འཇུག སློབ་སྦྱོང་ཆེད་དོན་གྱི་མྱོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱ་བ་དང་འཚོ་བའི་ཉམས་མྱོང་བརྗོད་པའི་བརྩམས་ཆོས་སོགས་འདུས། 

ངོ་སྤྲོད་ལྟར་ན། ཆེད་སྒྲིག་དེ་བཙུགས་པ་ནས་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྱབ་ཚད་དང་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་ངང་རྒྱ་ཆེར་སོང་ཡོད། མིག་སྔའི་བར། ཆེད་སྒྲིག་ཏུ་གྲངས་འཛིན་ཀློག་དེབ་རིགས220ལྷག་ཡོད་ལ། བསྡོམས་པས་མི་གྲངས་དུང་ཕྱུར3ལྷག་གིས་བཀླགས་ཡོད། ཐེངས་འདིར་ཆེད་སྒྲིག་གསར་བསྒྱུར་བྱས་པ་དེ་གྲངས་འཛིན་དཔེ་ཀློག་གི་འཕེལ་ཕྱོགས་དང་མཐུན་ཞིང་། ཆེད་སྒྲིག་གི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་སྔར་ལས་སྟབས་བདེའི་ངང་དྲ་ཐོག་གི་སློབ་སྦྱོང་ཐོན་ཁུངས་རེག་པར་རོགས་འདེགས་བྱས་ཤིང་། དྲ་ལམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་ངང་ཚུལ་སྟུག་པོ་ཞིག་ཆགས་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད།   །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།