ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ9བའི་ཚེས27ཉིན་དང་ཚེས28ཉིན་གཉིས་ལ། ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ9བའི་ཚེས27ཉིན་དང་ཚེས28ཉིན་གཉིས་ལ། ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གིས་འཇོན་མིར་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ལ་ཁ་ཕྱོགས་པ་དང་དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་འཇོན་མི་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བཅས་བྱེད་དགོས་ལ། འཛམ་གླིང་གི་འཇོན་མི་གཙོ་བོའི་ལྟེ་གནས་དང་གསར་སྐྲུན་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱས་ནས། ཉིས་སྟོང་སོ་ལྔ་ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པར་འཇོན་མིའི་འདེགས་ཤུགས་འདོན་སྤྲོད་བྱེད་པ་དང་། ཉིས་སྟོང་ལྔ་བཅུ་ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་འཇོན་མིའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཝང་ཧུའུ་ཉིང་གིས་སྤྱི་སྡོམ་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། འཛམ་གླིང་གི་འཇོན་མི་གཙོ་བོའི་ལྟེ་གནས་དང་གསར་སྐྲུན་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་སྐབས། ངེས་པར་དུ་འཐབ་ཇུས་རང་འགུལ་གསལ་བོར་ཤེས་པར་བྱེད་པ་དང་། རིམ་མཐོའི་ཇུས་གཞི་དང་འཐབ་ཇུས་འཆར་འགོད་བྱ་བ་ལེགས་སྒྲུབ་བྱེད་དགོས། ང་ཚོའི་དམིགས་ཡུལ་ནི། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་དངུལ་གཏོང་ཚད་མཐོན་པོས་འཕར་སྣོན་འབྱུང་བར་བྱེད་པ་དང་། ཚན་རྩལ་གསར་སྐྲུན་གཙོ་ཤུགས་དམག་དཔུང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པ། ཕུལ་བྱུང་ཚན་རིག་པ་གཅིག་སྡུད་བྱེད་པའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ། འཇོན་མིའི་རང་བདག་སྐྱེད་སྲིང་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ། གནད་འགག་དང་སྲོག་ཤིང་གི་ལག་རྩལ་ཁྱབ་ཁོངས་སུ་འཐབ་ཇུས་ཚན་རྩལ་འཇོན་མི་སྐོར་ཞིག་དང་མིང་གྲགས་ཆེ་བའི་ཚན་རྩལ་སྣེ་ཁྲིད་འཇོན་མི་དང་གསར་སྐྲུན་ཚོགས་པ་ཡོད་པར་བྱེད་དགོས། ཉིས་སྟོང་སུམ་ཅུ་ལོའི་བར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཐུན་པའི་འཇོན་མིའི་ལམ་ལུགས་མ་ལག་ཕལ་ཆེར་ཆགས་པར་བྱེད་པ་དང་། གསར་སྐྲུན་འཇོན་མིའི་རང་བདག་སྐྱེད་སྲིང་ནུས་པ་མངོན་གསལ་སྒོས་ཇེ་ཆེར་གཏོང་བ། འཛམ་གླིང་གི་ཕུལ་བྱུང་འཇོན་མི་ནང་འདྲེན་བྱེད་ཤུགས་མངོན་གསལ་སྒོས་ཇེ་ཆེར་གཏོང་བ། ཚན་རྩལ་ཁྱབ་ཁོངས་གཙོ་བོ་རུ་སྣེ་ཁྲིད་མཁན་ཡོད་པར་བྱེད་པ་དང་གསར་དར་འཕེལ་རྒྱས་སྣོལ་མར་བྱེད་པའི་ཁྱབ་ཁོངས་སུ་གསར་གཏོད་མཁན་ཡོད་པར་བྱེད་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་རང་རྒྱལ་གྱི་ཁྱབ་ཁོངས་གང་མང་དུ་འཇོན་མིའི་འགྲན་རྩོད་ཅུང་ལེགས་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་ཆུ་ཚད་མཐོ་བའི་འཇོན་མིའི་དཔུང་སྡེ་དེ་འཛམ་གླིང་གི་མདུན་གྲས་སུ་བསླེབ་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་ཨུའི་གཅིག་གྱུར་མགོ་ཁྲིད་འཐུས་ཚང་དུ་བཏང་སྟེ་ལས་ཁུངས་རྩ་འཛུགས་བྱས་ནས་སྤྱི་ཡོངས་དམ་འཛིན་བྱེད་པ་དང་། འགན་ནུས་ལས་ཁུངས་ཀྱིས་རང་རང་གི་འགན་འཁྲི་ལག་བསྟར་དང་གཞོགས་འདེགས་དམ་པོ་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་འཇོན་མིའི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་ལ་རྐང་བཙུགས་ཏེ། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་། འཇོན་མིས་བཏོན་པའི་གནད་དོན་ངོ་མ་ཐག་གཅོད་བཟང་བོ་བྱེད་དགོས། འཇོན་མིའི་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་འཇོན་མིའི་ནུས་འདོན་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་ལས་ཁུངས་དང་རིམ་པ་སོ་སོའི་སྲིད་གཞུང་གི་སློབ་གསོ་དང་ཚན་རྩལ། བདེ་འཇགས། དངུལ་རྩ། ཕྱི་དོན་སོགས་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། འཇོན་མིའི་བྱ་བའི་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་རྒྱུ་མཉམ་དུ་དམ་འཛིན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་འཇོན་མིའི་བྱ་བའི་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་ཟིན་པའི་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་ཤིང་། འཇོན་མིའི་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། འགྲན་རྩོད་གསར་བར་དབྱེ་ཞིབ་ཟབ་མོ་བྱས་པ་དང་། དུས་རབས་གསར་བའི་འཇོན་མིའི་བྱ་བའི་རིགས་གཞུང་གལ་ཆེན་དང་དོན་དངོས་གནད་དོན་ལ་ཚན་རིག་དང་མཐུན་པར་ལན་བཏབ་པར་མ་ཟད། མཛུབ་སྟོན་དགོངས་པ་དང་འཐབ་ཇུས་དམིགས་འབེན། ལས་འགན་གཙོ་བོ། སྲིད་ཇུས་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་པ་དང་། མདུན་སྐྱོད་ཁ་ཕྱོགས་གསལ་བོར་བསྟན་ཞིང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། དེ་ལ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། རིགས་གཞུང་རང་བཞིན་དྲག་པོ་ལྡན་པ་དང་། དུས་རབས་གསར་བའི་འཇོན་མིའི་བྱ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཟེར།

ཝང་ཧུའུ་ཉིང་གིས་སྤྱི་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། མཐོང་རྒྱ་ཡངས་ཤིང་རྒྱ་ཆེ་ལ། ཚན་རིག་དང་མཐུན་པར་དུས་རབས་གསར་བའི་འཇོན་མིའི་བྱ་བའི་རིགས་གཞུང་གལ་ཆེན་དང་དོན་དངོས་གནད་དོན་རབ་དང་རིམ་པར་ལན་བཏབ་པ་དང་། དེ་ལ་ཤུགས་དྲག་པའི་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཇོན་མིའི་བྱ་བའི་སྐོར་གྱི་འདུ་ཤེས་གསར་བ་དང་འཐབ་ཇུས་གསར་བ། བྱེད་ཐབས་གསར་བར་སློབ་སྦྱོང་དང་ལག་བསྟར་དཔྱིས་ཕྱིན་པ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དུས་རབས་གསར་བའི་འཇོན་མིའི་བྱ་བའི་ཇུས་ཆོད་དང་བཀོད་སྒྲིག་སྣ་ཚོགས་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ཟེར།

པེ་ཅིང་གྲོང་ཁྱེར་དང་ཧྲང་ཧེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར། སློབ་གསོ་པུའུ། ཀྲུང་གོ་ཚན་རིག་གླིང་། ཀྲུང་གོ་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཆིན་ཧྭ་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།