ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2021ལོ་ནས2030ལོའི་བར་གྱི་ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད་དང2021ལོ་ནས2030ལོའི་བར་གྱི་ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད་དང་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད་འགྲེམ་སྤེལ་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བུད་མེད་དང་བྱིས་པ། ཁྱིམ་ཚང་བཅས་ཀྱི་བྱ་བར་ཧ་ཅང་མཐོང་བྱས་ནས། བུད་མེད་དང་བྱིས་པའི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས། རྩ་གནད་གཉིས་ལས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་དཔྱིས་ཕྱིན་པ་བྱས་ཤིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བུད་མེད་དང་བྱིས་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་པ་དང་། མ་འོངས་པའི་ལོ་བཅུའི་བུད་མེད་དང་བྱིས་པ་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད།

བདེ་ཐང་དང་སློབ་གསོ། དཔལ་འབྱོར། ཇུས་ཆོད་དང་དོ་དམ་ཁྲོད་ཞུགས་པ། སྤྱི་ཚོགས་འགན་སྲུང་། ཁྱིམ་ཚང་འཛུགས་སྐྲུན། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས་བརྒྱད་ལ་དམིགས་ཏེ། བུད་མེད་རྩ་གནད་ལས་དམིགས་འབེན་གཙོ་བོ་དོན་ལྔ་དང་ཇུས་གཞི་དང་བྱེད་ཐབས་གོ་གསུམ་བཏོན། བདེ་ཐང་དང་བདེ་འཇགས། སློབ་གསོ། ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་སྲུང་སྐྱོབ་བཅས་ཁྱབ་ཁོངས་བདུན་ལ་དམིགས་ཏེ། བྱིས་པའི་རྩ་གནད་ལས་དམིགས་འབེན་གཙོ་བོ་བདུན་ཅུ་དང་ཇུས་གཞི་དང་བྱེད་ཐབས་གྱ་དགུ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།