ཀྲུང་གོ་བོད་ཀྱི་དྲ་བ།

རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཕུལ་དུ་བྱུང་བའི་འགུལ་རིས་བརྙན་འཕྲིན་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དྲ་རྒྱའི་བལྟ་ཉན་ལེ་ཚན་དོ་དམ་གྱི་འགན་ཁུར་བློ་མཐུན་གྱིས་བསྟན་དོན། ཆ་རྐྱེན་འཛོམས་པའི་དྲ་རྒྱའི་བལྟ་ཉན་ལེ་ཚན་ལ་ཞབས་འདེགས་ཞུ་བའི་ལས་ཁུངས་ཀྱིས་ཁྲིམས་ལྟར་ལེ་ཚན་བཟོ་བ་དང་ནང་དོན་བདེ་ཐང་དང་ཡར་སྐུལ་ཡིན་པའི་ལེ་ཚན་ནང་འདྲེན་དང་བསྒྲགས་གཏོང་བྱེད་པ། ནང་དོན་བདེན་ལེགས་མཛེས་གསུམ་ཡིན་པའི་ཕུལ་བྱུང་འགུལ་རིས་བརྙན་འཕྲིན་གཏོང་རྒྱུ་ལས། མཐའ་གཅིག་ཏུ་དྲག་ཤུགས་དང་ཐ་ཤལ། ཆགས་སྲེད་སོགས་ཀྱི་ནང་དོན་བསྲེས་ཡོད་པའི་འགུལ་རིས་བརྙན་འཕྲིན་རྣམས་དྲ་ཐོག་ནས་སྟོན་རྒྱུ་བཀག་འགོག་བྱེད་དགོས། བྱིས་པ་དང་ལོ་ཆུང་གཞོན་ནུ་ནི་འགུལ་རིས་བརྙན་འཕྲིན་གྱི་བལྟ་མཁན་གཙོ་བོ་ཡིན་པས། དྲ་རྒྱའི་བལྟ་ཉན་ལེ་ཚན་ལ་ཞབས་འདེགས་ཞུ་བའི་ལས་ཁུངས་སོ་སོས་ལེ་ཚན་གྱི་ནང་དོན་ཚད་ལྡན་ཅན་དང་རྣམ་པ་ལེགས་བཅོས་བྱས་ཏེ“བྱིས་པའི་འཕྲིན་ལམ”དང“ལོ་ཆུང་གཞོན་ནུའི་ལེ་ཚན”བཟང་བོ་བསྒྲུབ་ནས་ལོ་ཆུང་གཞོན་ཞུ་རྣམས་ལ་བདེ་ཐང་ངང་འཚར་ལོངས་འབྱུང་སའི་དྲ་རྒྱའི་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།