ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཀྲུང་གོའི་སྟོབས་ལྡན་ཁེ་ལས500མིང་ཐོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཁེ་ལས་པའི་མཐུན་ཚོགས་གཉིས་ཀྱིས་ཚེས25ཉིན“2021ཀྲུང་གོའི་སྟོབས་ལྡན་ཁེ་ལས500”ཡི་མིང་ཐོ་ཁྱབ་བསྒྲགས་བྱས། སྟོབས་ལྡན་ཁེ་ལས500ཡིས2020ལོར་བསྡོམས་པས་ཚོང་གཉེར་ཡོང་སྒོ་སྒོར་དུང་ཕྱུར་ཁྲི89.83མངོན་འགྱུར་བྱུང་ཞིང་། ཁེ་སྤོགས་རྐྱང་བ་ན་ནིང་གི་སྟོབས་ལྡན་ཁེ་ལས500ལས4.59%ཡར་འཕར་བས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། དེའི་ཁྲོད་ཚོང་གཉེར་ཡོང་སྒོ་སྒོར་དུང་ཕྱུར་སྟོང་ལས་བརྒལ་བའི་ཁེ་ལས222ལ་སླེབས་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།