ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སུ་སློབ་མ་ཁྲི7743.1ལྷག་གིས་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཞུ་ནང་ཞུགས་པ་དེས་སློབ་མ་ཡོངས་ཀྱི85%ཟིན་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་སྟོན་ཀའི་སློབ་སྐབས་འཚོགས་ནས་གཟའ་འཁོར་གསུམ་རིང“གཉིས་འཕྲི”དངོས་འབེབས་བྱས་པ་ཅི་འདྲ་ཡིན་ནམ། ཟླ9པའི་ཚེས23ཉིན་སློབ་གསོ་པུའུ་ཡིས་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་བསྡུས་ནས་གཞི་གྲངས་སྐོར་ཞིག་ཁྱབ་བསྒྲགས་བྱས།

རྨང་གཞི་སློབ་གསོའི“གཉིས་འཕྲི”བྱ་བའི་ལྟ་ཞིབ་ཚད་ལེན་སྟེགས་བུའི་གཞི་གྲངས་ལས་ཤེས་གསལ་ལྟར་ན། ཟླ9པའི་ཚེས22ཉིན་བར་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ(ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་སྡེ་བའི་སློབ་ཆུང་མི་ཚུད)ཁྲི10.8ལྷག་གིས་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཕྱི་ཆ་འཕྲིན་འབུལ་སྤྲོད་བྱས་པའི་ནང་། 96.3%ཡན་གྱི་སློབ་གྲྭས་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱས་ཏེ་སློབ་མ་ཁྲི7743.1ལྷག་གིས་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཞུ་ནང་ཞུགས་པ་དེ་སློབ་མ་ཡོངས་ཀྱི85%ལ་སླེབས་ཤིང་། དེའི་ཁྲོད་ཀྱི་སློབ་མ71.2%ཡིས་གཟའ་འཁོར་རེར་ཉིན5ལྔར་ཞུགས་པ་རེད། དགེ་རྒན་ཁྲི534.5ཡིས་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཞུ་བྱ་བའི་ནང་ཞུགས་པ་དེ་སློབ་གྲྭའི་དགེ་རྒན་ཡོངས་ཀྱི86.2%ཟིན་ལ། སློབ་གྲྭའི་ཕྱི་རོལ་ནས་ཆེད་ལས་དགེ་རྒན་ཁྲི20.6གདན་དྲངས་ཏེ་སློབ་ཐུན་གྲོལ་རྗེས་ཀྱི་ཞབས་ཞུ་བྱ་བའི་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།