ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་འཆར་འགོད་ལ་བརྟེན་ཏེ།  སྨན་བཅོས་འགན་སྲུང་ལམ་ལུགས་མ་ལག་ཆ་ཚང་དུ་བཏང་ནས་མང་ཚོགས་ཀྱིས་ནད་སྟོན་པ་དང་སྨན་བཀོལ་བའི་དགོས་མཁོ་ཡོངས་སུ་སྐོང་བར་བཀོད་སྒྲིག་བྱེད་པར་གྲོས་ཞིབ་བྱས་པ་དང་། ས་འོག་གི་ཆུའི་སྦུགས་ལམ་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་ས་འོག་གི་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཆེར་བཏང་།

ཚོགས་ཐོག་ནས་བསྟན་དོན། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནི་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པའི་གཞི་རྩའི་ལམ་ལུགས་ཤིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། སྐོར་ཐེངས་གསར་བའི་སྨན་བཅོས་བཅོས་སྒྱུར་བྱས་པའི་ཚུན་ལ། རང་རྒྱལ་གྱིས་འཛམ་གླིང་ཡོངས་སུ་ཆེས་ཆེ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་རྒྱ་འགྲུབ་པར་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་གཞི་རྩའི་སྨན་བཅོས་ཉེན་ཚབ་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ལ་ཁེབས་པར་བྱས་པ་དང་། ཁེབས་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས། སྨན་བཅོས་འགན་སྲུང་ལས་དོན་བཅོས་སྒྱུར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས་ནས། མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་པ་དང་དམངས་ཚིས་ལེགས་བཅོས་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་ལ་ནུས་པ་ཆེན་པོ་བཏོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་སྨན་བཅོས་འགན་སྲུང་བཅོས་སྒྱུར་ལམ་ལུགས་གཏིང་ཟབ་ཏུ་སྤེལ་བ་དང་། ནུས་ཤུགས་གང་ཡོད་བཏོན་ནས་ལག་བསྟར་བྱེད་པར་མ་ཟད། གཞི་རྩའི་འགན་སྲུང་འདུ་ཤེས་ནམ་ཡང་རྒྱུན་འཁྱོངས་བྱས་ནས། འགན་སྲུང་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏོང་བ་དང་རྒྱུན་མཐུད་ལེགས་སྒྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ས་འོག་གི་ཆུའི་སྦུགས་ལམ་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་གྲོས་འཆམ་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།