ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2021ལོའི“རྒྱུད་གཅིག་ལམ་གཅིག”གི་ལྕགས་རི་རིང་པོའི་རྒྱལ་སྤྱིའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི“རྒྱུད་གཅིག་ལམ་གཅིག”གི་ལྕགས་རི་རིང་པོའི་རྒྱལ་སྤྱིའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

ཞི་ཅིན་ཕིང་གིས་བསྟན་དོན། དཔལ་ཡོན་དེ་འབྲེལ་འདྲིས་ཀྱི་དབང་གིས་མཚར་སྡུག་ལྡན། ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་བཏོན་ནས་ལོ8སོང་རིང་། ཕྱོགས་སོ་སོའི་ཐུན་མོང་ནང་ཞུགས་དང་འབད་བརྩོན་བྱས་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་བཏང་པ་མ་ཟད། རྒྱལ་ཁབ་ཀྱི་དཔལ་ཡོན་འབྲེལ་འདྲིས་དང་གླེང་མོལ་ལ་སྐུལ་འདེད་ཀྱང་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”གི་ལྕགས་རི་རིང་པོ་རྒྱལ་སྤྱིའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་གཉེར་བ་དེས་དར་གོས་ལམ་བུ་དང་ལྕགས་རི་རིང་པོ་འཛམ་གླིང་རིག་གནས་ཤུལ་བཞག་གི་རིན་ཐང་དར་སྤེལ་གཏོང་པར་ཕན་བཏགས་ཡོད་པ་དང་། དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་གར་སྟེགས་མཁོ་འདོན་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་འབྲེལ་འདྲིས་དང་གླེང་མོལ་ལ་འབྲེལ་ཟམ་བསྐྲུན་པ། དཔལ་ཡོན་མི་འདྲ་བའི་བར་གྱི་འབྲེལ་འདྲིས་དང་དཔྱད་བསྡུར་གྱི་འབྲེལ་ཐག་ཅིག་བསྐྲུན་པ་བཅས་ལ་ཕན་བཏགས་ཡོད། ཀྲུང་གོས་འདྲ་མཉམ་དང་དཔྱད་བསྡུར། གླེང་མོལ། ཁོང་ཡངས་བཅས་ཀྱི་དཔལ་ཡོན་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ཞིང་། འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད། 

“རྒྱུད་གཅིག་ལམ་གཅིག”གི་ལྕགས་རི་རིང་པོའི་རྒྱལ་སྤྱིའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་དུས་ཆེན་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དུ་མགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“རིག་གནས་སྒྱུ་རྩལ་མཉམ་འདྲེས། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན”ཞེས་པ་ཡིན་ལ། རིག་གནས་དང་ཡུལ་སྐོར་པུའུ་དང་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།