ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སློབ་འབྲིང་སློབ་མ་རྣམས་ལ་ཕྱོགས་ཡོངས་ནས་གོང་འཕེལ་དུ་བཏང་སྟེ་རྒྱལ་ཁབ་ཀྱི་རྐང་འཛིན་དུ་འགྱུར་དགོས་པར་སྐུལ་ལྕག་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲའན་ཞི་སུའེ་ཏེ་ཚོད་ལྟའི་སློབ་འབྲིང་དུ་ཕེབས་ཏེ་སློབ་མ་ཚོས་ཡིག་གཟུགས་སྦྱོང་བ་དང་ལུས་རྩལ་སྦྱོང་བརྡར་བྱེད་པར་གཟིགས་ཞིབ་གནང་བ་མ་ཟད་སློབ་མ་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་མི་དམངས་ཀྱི་བསམ་པའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་འདེགས་སུ་གཏོང་དགོས་ཤིང་། དེའི་རྨང་གཞི་ནི་སློབ་གསོ་ལ་རག་ལས་པ་རེད། རྗེས་ཕྱོགས་ང་ཚོས་སློབ་གསོ་བྱ་བ་སྔར་ལས་ཡག་པོ་བསྒྲུབ་རྒྱུ་དང་སློབ་གསོའི་གྲུབ་ཆ་སྔར་ལས་ལུགས་མཐུན་ཡོང་བར་བྱས་ནས་ང་ཚོའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་བར་དགོས་མཁོ་དང་འཚམ་པར་བྱེད་དགོས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་རྒྱུ་ནི་ལོ་མང་གི་ཉམས་མྱོང་ཕྱོགས་སྡོམ་དང་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཡིན། བྱིས་པའི་ཕྱོགས་ཡོངས་ལ་འཕེལ་རྒྱས་སུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱས་ནས་སྤྱི་ཚོགས་ལ་ཕན་ཞིང་རྒྱལ་ཁབ་ཀྱི་རྐང་འཛིན་དུ་འགྱུར་དགོས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།