ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་གྲོས་ཚོགས་སྐབས་བཅོ་བརྒྱད་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་བཅུ་ཉིན་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་གྲོས་ཚོགས་སྐབས་བཅོ་བརྒྱད་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མཐོ་རིམ་གྲོས་ཚོགས་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་སྟོན་གྲོས་ཚོགས་ཀྱི་འགྲེམ་སྟོན་ཁང་ལ་སྐོར་ཞིབ་བྱས།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་གི་གྲོས་ཚོགས་བསྡུ་འགོ་རྩོམ་པའི་མཛད་སྒོ་སྟེང་བརྙན་རིས་བརྒྱུད་དེ་གནང་བའི་ཤིས་ཚིག་དང་དེ་རིང་གྲོས་ཚོགས་སྟེང་བསྐུར་བའི་འཕྲིན་ཡིག་ནང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་བར་གྱི་མཉམ་ལས་ལ་ཤུགས་སྣོན་པའི་རེ་སྒུག་ཆེན་པོ་མཚོན་ཡོད་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བའི་འཆར་གཞི་བཀོད་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མི་ཆད་པར་འཕེལ་རྒྱས་སུ་གཏོང་བའི་ཐད་ཤན་ཤུགས་ཆེན་པོ་འདོན་ཐུབ།

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གཉིས་བར་གྲོས་མོལ་འབྲེལ་བ་བཙུགས་པའི་ལོ་སུམ་ཅུའི་ནང་། ཕྱོགས་གཉིས་ཀྱིས་རྒྱུན་མཐུད་ངང་འཐབ་ཇུས་ཡིད་རྟོན་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤེལ་ལ། སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་མཉམ་ལས་བྱས་པ་དང་། མི་གཞུང་བརྗེ་རེས་ལ་རྒྱུན་མི་ཆད་པར་ཤུགས་བསྣན་ལ། ས་ཁུལ་ཞི་བདེ་གཏན་འཇགས་ལ་མཉམ་དུ་འཆར་འགོད་བྱས་པ་དང་། ས་ཁུལ་གྱི་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་མཉམ་ལས་ཀྱི་དཔེ་སྟོན་བཙུགས།

ཝང་ཆི་ཧྲིན་གྱིས་བསྟན་དོན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་འབྲེལ་བ་ཟབ་མོ་དང་འགྲོ་འོང་བྱེད་སྐབས་ཁ་དན་ཚིག་ལ་གནས་པར་བྱེད་པ། དཔལ་འབྱོར་གཉིས་ཕན་བྱེད་པ། རིག་གནས་བཟོད་སྒོམ་བྱེད་པའི་འདུ་ཤེས་དང་ཁྱིམ་མཚེས་བར་གྱི་འབྲེལ་བ་བཟང་བོ་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་དང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་ས་ཁུལ་གཙོ་བོ་རུ་བྱེད་པ། ཨེ་ཤ་ཡ་ཤར་ལྷོའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཁུལ་ཁོངས་མཉམ་ལས་ལ་ཤུགས་སྣོན་པའི་ཁྲོད་ཀྱི་སྲོག་ཤིང་གོ་གནས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱས་ནས། མཉམ་དུ་ཆུ་ཚད་སྔར་ལས་མཐོ་བའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་སྐྱེད་པ་དང་། རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། སྒུལ་ནུས་གསར་བ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་སྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་རྗེས་ཕྱོགས་ཀྱི་ལོ་སུམ་ཅུའི་ནང་སྔར་ལས་དར་རྒྱས་མཛེས་སྡུག་ཏུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།