ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ང་བཞི་བ་པེ་ཅིང་ནས་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ང་བཞི་བ་ཚེས་བཅུ་ཉིན་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རང་རྒྱལ་གྱི་མཁར་གྲོང་བཙོག་ཆུ་ཐག་གཅོད་འཕེལ་རྒྱས་གནས་ཚུལ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པར་མ་ཟད། ཡུལ་བབ་དང་བསྟུན་པ་དང་གནད་འཁེལ་ཇུས་བསྟར་བྱེད་དགོས་ལ། རྒྱུན་མཐུད་སྒོས་བཙོག་ཆུ་ཐག་གཅོད་དང་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ཆུ་དྭངས་སྲུང་སྐྱོབ་འཐབ་ཇུས་ལག་བསྟར་བྱས་ནས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འདོན་ནུས་ཤུགས་འདོན་དགོས་ཞེས་བསྟན།

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཅིག་གིས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་ཟུར་མི་འདྲ་བའི་སྒོ་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་དྲུག་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་སྤེལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཡིས་བརྗོད་དོན་གཏམ་བཤད་སྤེལ། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱི་འགན་འཁུར་བས་གྲོས་མོལ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།