ཀྲུང་གོ་བོད་ཀྱི་དྲ་བ།

བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ་འདུ་འཛོམས་མི་བྱེད་པའི་འབོད་སྐུལ་གནང་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་ཟླ9བའི་ཚེས7ཉིན་གྱི་ཕྱི་དྲོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད།

མིག་སྔའི་བར། རྒྱལ་ཡོངས་སུ་ཉེན་ཁ་ཆེ་བའི་ས་ཁུལ་མེད་པ་དང་། ཉེན་འབྲིང་ས་ཁུལ3བར་ཇེ་ཉུང་དུ་སོང་ཡོད།  “ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་ལྡོག་མཆེད་འགོག་པ”ནི་སྔར་བཞིན་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ལས་དོན་གལ་ཆེའི་ནང་གི་འགངས་ཆེན་དེ་ཡིན་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ལས་དོན་མི་སྣས་མི་སྒེར་གྱི་འགོག་སྲུང་བླང་བྱ་དང་བཀག་སྡོམ་དོ་དམ་དོན་འཁྱོལ་ནན་པོ་བྱེད་དགོས་ལ། ཉེན་ཁ་ཆེ་བའི་ཁོར་ཡུག་དང་དངོས་པོར་དུག་སེལ་གཙང་དག་བྱས་ཏེ་དོ་དམ་གྱི་གོ་རིམ་ཧྲིལ་བོ་མཐའ་གཅིག་ཏུ་སྒྲུབ་དགོས། པྲོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།    

འདིར་བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་འདུ་འཛོམས་མི་བྱེད་པའི་འབོད་སྐུལ་གནང་བ་ཡིན།

བརྒྱད་པའི་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་ལ་ཉེ་བས། སྤྱི་དམངས་ཕྱིར་སྐྱོད་སྐབས་སྔར་བཞིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རེ་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིམས་འགོག་ལ་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གུང་གསེང་རིང་།  འདུ་འཛོམས་མི་བྱེད་པའི་འབོད་སྐུལ་བཏང་བ་དང་། ལྷག་པར་དུ་གཞི་རྒྱ་ཆེ་བའི་རྒྱས་འཛོམས་བྱ་མི་ཆོག སྤྱི་དམངས་ཕྱིར་མ་བསྐྱོད་གོང་དམིགས་སའི་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚད་རིམ་ལ་རྒྱུས་ལོན་བྱེད་དགོས་པ་དང་། གལ་ཏེ་ཉེན་ཁ་འབྲིང་བ་ནས་ཆེ་བའི་ས་ཁུལ་ཡིན་ན། དེར་སོང་མིི་ཆོག་ལ། གལ་ཏེ་ཁྱོད་རང་གནས་སའི་ཡུལ་དེ་ཉེན་ཁ་འབྲིང་བ་ནས་ཆེ་བའི་ས་ཁུལ་ཡིན་ཚེ་ཕྱིར་བསྐྱོད་མི་ཆོག འགྲོ་སྐྱོད་བརྒྱུད་རིམ་ཁྲོད་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་ཏེ། ཁ་ཐུམ་རྒྱག་པ་དང་ལག་པ་རྒྱུན་དུ་བཀྲུ་བ། ལག་པའི་གཙང་སྦྲར་དོ་སྣང་བྱེད་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་གཅོད་པ། འདུ་འཛོམས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།   །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།