ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཐོན་སྐྱེད་དང་ཆུ་བེད་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར10འགྲེམ་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་གྱི་མཚོ་རླུང་དང་ཐན་སྐྱོན། ཞོད་སྐྱོན་བཅས་ཀྱིས་འབྲེལ་ཡོད་ས་ཁུལ་གྱི་སྟོན་འབྲུ་བསྡུ་བར་ཤུགས་རྐྱེན་ཐེབས་པའི་ཕྱོགས་བསྡུས་གནས་ཚུལ་ལ་གཞིགས་ཏེ། ནོར་སྲིད་པུའུ་ཡིས་ཞིང་ལས་ཞིང་སྡེ་པུའུ་དང་མཉམ་དུ་མགྱོགས་མྱུར་ངང་ས་ཁུལ་སོ་སོའི་གནོད་སྐྱོན་གནས་ཚུལ་ལ་བཀོད་གཏོང་བྱས་ནས། ཟླ9པའི་ཚེས3ཉིན་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་རྒུད་སྐྱོབ་ཀྱི་མ་དངུལ་སྒོར་དུང་ཕྱུར10འགྲེམ་གཏོང་བྱས་པ་དང་། དེ་གནོད་ཐེབས་ས་ཁུལ་གྱི་ཞིང་ལས་ལོ་ཏོག་གི་ཁ་གསབ་དང་། ཞིང་ལས་ཐོན་སྐྱེད་སླར་གསོར་མཁོ་བའི་དངོས་ཟོག་ཉོ་སྒྲུབ་ཐད་བཀོལ་རྒྱུ་ཡིན་པ་དང་། སྟོན་འབྲུ་བསྡུ་བའི་གནད་འགག་གི་དུས་སྐབས་དམ་འཛིན་བྱས་ཏེ་དུས་ལྟར་ལུད་རྒྱག་པ་དང་སྔ་སྨིན་ལ་སྐུལ་བ་སོགས་ཀྱི་འབྲེལ་ཡོད་བྱ་བ་སྒྲུབ་པ་དང་། མགྱོགས་མྱུར་སྒོས་གནོད་ཕྱིའི་ཞིང་ལས་ཐོན་སྐྱེད་སླར་གསོ་དང་སྟོན་འབྲུ་ཐོན་སྐྱེད་ཀྱི་བྱེད་ཐབས་སྣ་ཚོགས་གཏན་འཇགས་སུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།