ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི《ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་སློབ་སྦྱོང་རྩ་གནད》དཔེ་སྐྲུན་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས6ཉིན། 《ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་སློབ་སྦྱོང་རྩ་གནད》དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཚོགས་འདུའི་སྟེང་ཞུགས་ཤིང་གསུང་བཤད་གནང་། 

ཝང་དབྱི་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་བསམ་བློ་པ། འཐབ་ཇུས་པ་བཅས་ཀྱི་སྤྱིར་བཏང་མིན་པའི་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་དང་། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས། གནམ་འོག་གི་བརྩེ་སེམས་ཟབ་མོ་བཅས་ལ་བརྟེན་ནས་ཕྱི་ཕྱོགས་ལས་དོན་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་བསམ་བློ་ཆགས་ཡོད། བསམ་བློ་གལ་ཆེན་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆ་གལ་ཆེན་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལག་ལེན་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བསམ་བློ་བཅས་ཕྱི་འབྲེལ་ཁྱབ་ཁོངས་སུ་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། དེ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་ཕྱི་འབྲེལ་ལས་དོན་གྱི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན།

ཝང་དབྱི་ཡིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་བསམ་བློའི་སྙིང་བཅུད་ཀྱི་བརྗོད་བྱའི་སྙིང་བོ་དང་ནང་དོན་ཟབ་མོར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པའི་ཐད་ལ་ལྟ་སྟངས་ཁག་ལྔ་གླེང་པ་སྟེ།  ཐོག་མར། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་བསམ་བློ་དུས་རབས་ནས་བྱུང་བ་དང་དུས་མཚུངས་སུ་དུས་རབས་ཀྱི་བསམ་བློའི་རླབས་ཆེན་སྟོབས་ཤུགས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བར་གོ་བ་གཏིང་ཟབ་ལོན་དགོས།  གཉིས་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བདེན་དོན་གྱི་འོད་ཟེར་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པར་གོ་བ་གཏིང་ཟབ་ལེན་དགོས།  གསུམ་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གདེང་ཚོད་ཆེན་པོར་གོ་བ་གཏིང་ཟབ་ལེན་དགོས།  བཞི་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློ་འཛམ་གླིང་ལ་ཁ་ཕྱོགས་པ་དང་མིའི་རིགས་ཡར་ཐོན་བྱ་གཞག་ལ་བརྩེ་སེམས་འཆང་བའི་བླ་ན་མེད་པའི་བརྩེ་སེམས་ལ་གོ་བ་གཏིང་ཟབ་ལོན་དགོས། ལྔ་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས།

ཝང་དབྱི་ཡིས་བསྟན་དོན།  ང་ཚོའི《རྩ་གནད》དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་བསམ་བློའི་མཐོ་རླབས་གསར་པ་འཕྱུར་བར་བྱེད་དགོས།  ཕྱི་འབྲེལ་འཐབ་ཕྱོགས་སྔོན་དུ་སློབ་སྦྱོང་དང་སྔོན་དུ་སྤྱོད་པ།  སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་བྱ་བའི་ཕན་འབྲས་སུ་ཏན་ཏིག་ངང་བསྒྱུར་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

བཞུགས་མོལ་ཚོགས་འདུ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཕྱི་འབྲེལ་པུའུ་ཡིས་མཉམ་དུ་གཉེར་བ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་འབྲེལ་པུའུ། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་གཞུང་ལས་ཁང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་གཞུང་ཚབ་པའི་འཐུས་མི་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།