ཀྲུང་གོ་བོད་ཀྱི་དྲ་བ།

2021ཀྲུང་གོའི་རྒྱལ་སྤྱིའི་གྲངས་ཀའི་དཔལ་འབྱོར་དངོས་མང་སྟོན་ཚོགས་འཚོགས་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ9པའི་ཚེས6ཉིན་པར་བླངས་བའི2021ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་ཀའི་དཔལ་འབྱོར་དངོས་མང་སྟོན་ཚོགས་ཀྱི་ཡུལ་དངོས་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས6ཉིན། 2021ཀྲུང་གོའི་རྒྱལ་སྤྱིའི་གྲངས་ཀའི་དཔལ་འབྱོར་དངོས་མང་སྟོན་ཚོགས་ཧོ་པའེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཚོགས་མགོ་ཚུགས། ཐེངས་འདིའི་དངོས་མང་སྟོན་ཚོགས་ཀྱིས“གསར་སྐྲུན་འཕེལ་རྒྱས་དང་གྲངས་ཀའི་དཔལ་འབྱོར”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ། བརྗོད་དོན་འགྲེམ་སྟོན་ཁང་དང་། གྲངས་ཀའི་ཐོན་ལས་འགྲེམ་སྟོན་ཁང་། གྲངས་ཀའི་འཚོ་བ་འགྲེམ་སྟོན་ཁང་སོགས་འགྲེམ་སྟོན་བྱེད་ས5བཀོད་སྒྲིག་བྱས་ནས། གྲངས་ཀའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྣམ་པ་གསར་བ་དང་དཔེ་དབྱིབས་གསར་པ། གླེང་མང་གནད་དོན་བཅས་གཅིག་བསྡུས་སྒོས་མངོན་པར་མཚོན་ཡོད། །

འདི་ནི་ཟླ9པའི་ཚེས6ཉིན་ལྟད་མོ་བ་ཞིག་གིས5Gརིག་ལྡན་འགྲེམ་སྟོན་ཁུལ་དུ་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།

འདི་ནི་ཟླ9པའི་ཚེས6ཉིན་པར་བླངས་པའི་གྲངས་ཀའི་གྲོང་གསེབ་འགྲེམ་སྟོན་ཁུལ་རེད།

འདི་ནི་ཟླ9པའི་ཚེས6ཉིན་ལྟད་མོ་བས5G+AIལག་རྩལ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་རེད།

འདི་ནི་ཟླ9པའི་ཚེས6ཉིན་ལྟད་མོ་བ་ཞིག་འགྲེམ་སྟོན་ཁང་གི་ཕྱོགས་སུ་འགྲོ་བའི་རྣམ་པ་རེད།

འདི་ནི་ཟླ9པའི་ཚེས6ཉིན་ལྟད་མོ་བ་ཞིག་གིས5G+VRརོལ་མྱོང་བྱེད་བཞིན་པའི་རྣམ་པ་རེད།

འདི་ནི་ཟླ9པའི་ཚེས6ཉིན་དངོས་མང་སྟོན་ཚོགས་སྟེང་པར་བླངས་པའི་རིག་ལྡན་རླངས་འཁོར་རེད།

འདི་ནི་ཟླ9པའི་ཚེས6ཉིན་ལྟད་མོ་བས་དངོས་མང་སྟོན་ཚོགས་སྟེང་རིག་ལྡན་ཐད་གཏོང་སྒྲིག་ཆས་ལ་རྒྱུས་ལོན་བྱེད་པའི་རྣམ་པ་རེད།

འདི་ནི་ཟླ9པའི་ཚེས6ཉིན་ཚོང་བས་དངོས་མང་སྟོན་ཚོགས་སྟེང་རིག་འཕྲུལ་མི་དང་མཉམ་དུ་མིག་མངས་རྩེད་བའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།