ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་སྐབས་ཀྱི་མེ་འཁོར་པ་སེ་ཟླ9པའི་ཚེས5ཉིན་ནས་མངགས་ཉོ་བྱས་ཆོག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས5ཉིན་ནས་བཟུང12306དྲ་ཚིགས་དང12306App། པ་སེ་མངག་ཉོ་ཁ་པར95105105སོགས་བརྒྱུད་ནས་ཟླ9པའི་ཚེས19ཉིན་ཏེ་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་ཉིན་དང་པོའི་མེ་འཁོར་པ་སེ་མངགས་ཉོ་བྱས་ཆོག ཡིད་འཇོག་བྱ་དགོས་པ་ཞིག་ལ། མིག་སྔར་ནན་ཅིང་སོགས་ས་ཁུལ་གྱི་རིམས་ནད་གནས་བབ་ཇེ་ལེགས་སུ་སོང་བའི་དབང་གིས་མེ་འཁོར་གཏོང་ཐེངས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སླར་གསོ་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། ནན་ཅིང་ས་ཁུལ་གྱི་ནན་ཅིང་མེ་འཁོར་ས་ཚིགས་དང་ནན་ཅིང་ས་ཚིགས་ལྷོ་མ། ལིས་ཧྲུའེ་ས་ཚིགས། ཅང་ཉིང་ས་ཚིགས་བཅས་མེ་འཁོར་ས་ཚིགས་བཞི་ནས་པེ་ཅིང་ཕྱོགས་སུ་གཏོང་བའི་མེ་འཁོར་གྱི་པ་སེ་ཡང་བཙོང་མགོ་ཚུགས་ཡོད།

རྒན་པ་རྣམས་ལ་མེ་འཁོར་པ་སེ་མངགས་ཉོ་བྱེད་པར་སྟབས་བདེ་བསྐྲུན་ཆེད། 12306དྲ་ཚིགས་ཀྱིས་རྒན་པར་འཚམ་པའི་སྟབས་བདེའི་ཞབས་ཞུ་བཟོས་ཡོད་ལ། ཟླ9པའི་ཚེས1ཉིན་ནས་དེ་འབྲེལ་གྱི་བྱེད་ནུས་དངོས་སུ་བེད་སྤྱོད་གཏོང་བཞིན་ཡོད། དེ་མིན་ཁ་པར་སྟེང་གི12306Appམཉེན་ཆས་ཀྱང་རྒན་པ་རྣམས་ལ་སྟབས་བདེ་ཡོང་ཆེད་བྱེད་ནུས་རེ་རེ་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན་ལ་ཟླ9པའི་ཟླ་སྟོད་ལ་བྱེད་ནུས་བེད་སྤྱོད་བྱེད་རྩིས་ཡོད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།