ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང2021ལོའི་ཐའེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ཏེ་བརྗོད་དོན་གཏམ་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་པའི་ཚེས་གསུམ་ཉིན་བརྙན་ལམ་ནས་ཉིས་སྟོང་ཉེར་གཅིག་ལོའི་ཐའེ་ཡོན་ནུས་ཁུངས་ཐན་ཉུང་འཕེལ་རྒྱས་གླེང་སྟེགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་བརྗོད་དོན་གཏམ་བཤད་སྤེལ་བར་མ་ཟད། གླེང་སྟེགས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་ལུགས་མཐུན་སྒོས་ནུས་ཁུངས་གཙང་མ་བེད་སྤྱོད་དང་ཐན་ཉུང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ལ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ཐུན་མོང་ཡིན་ལ་འོས་འགན་གྱི་ཁྱད་པར་ཡོད་པའི་ཆོས་ཉིད་བརྩི་སྲུང་བྱས་ཏེ། འཛམ་གླིང་གི་མཁའ་དབུགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དང་། མཉམ་དུ་ལག་གདང་སྦྲེལ་ཏེ་འཛམ་གླིང་གི་དཔལ་འབྱོར་དོ་མཉམ་དང་ལྷད་མེད། རྒྱུན་མཐུད་སླར་གསོ་བཅས་མངོན་འགྱུར་ཡོང་བར་འབད་དགོས། ཀྲུང་གོས་ནུས་ཁུངས་བདེ་འཇགས་འཐབ་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། སྣ་སྒོ་མོ་སོ་སོ་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། ནུས་ཁུངས་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།