ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་སྐབས་དྲུག་པའི་འཁྲབ་ཚན་སོ་སོ་ཟླ9པའི་ཚེས1ཉིན་ནས་དྲ་རྒྱའི་སྟེང་གཏང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་ལྟར་ན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་སྐབས་དྲུག་པའི་འཁྲབ་ཚན་སོ་སོ་ཟླ9པའི་ཚེས1ཉིན་ནས་ཚེས19ཉིན་བར་དྲ་རྒྱའི་སྟེང་གཏང་རྒྱུ་རེད།

རྒྱུས་ལོན་ལྟར་ན། སྐབས་འདིའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་སྒྲུབ་བྱས་ཤིང་། འཁྲབ་སྟོན་ནང་ཚུད་པའི་འཁྲབ་ཚན42པོ་ནི་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འདེམས་སྐྱེལ་བྱས་པའི་འཁྲབ་ཚན101ནང་ནས་གདམ་གསེས་བྱས་པ་ཏག་ཏག་རེད། དེ་དག་ཉིན་རེར་འཁྲབ་ཚན3རེ་དང་འཁྲབ་ཚན་རེ་ཉིན5རིང་གཏང་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།