ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་སྡེ་ཁག་གིས་གོམ་གང་མདུན་སྤོས་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་བྱ་བར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོད་པའི་མཉམ་འགོག་མཉམ་བཅོས་སྡེ་ཁག་གི་ཕྱོགས་བསྡུས་ཚོགས་ཆུང་གིས《གོམ་གང་མདུན་སྤོས་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་དུག་སེལ་བྱ་བར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ས་གནས་སོ་སོས་རང་སའི་རིམས་ནད་གནས་བབ་དང་བསྟུན་ནས་གཟབ་ནན་དང་གང་མགྱོགས་སྒོས་དུག་སེལ་བྱ་བ་དངོས་འབེབས་གང་ལེགས་བྱ་རྒྱུ་དང་། སྨན་ཁང་གི་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་སྡེ་ཁག་དང་གཅིག་བསྡུས་ལོག་བགར་བྱ་ཡུལ་ལ་དུག་སེལ་ནན་མོ་བྱེད་དགོས། དེ་མིན་གནམ་གྲུ་དང་ལྕགས་ལམ། འགྲུལ་སྐྱེལ། སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྔར་ལས་ལྷག་པར་དུས་རྒྱུན་དུ་ཚད་ལྡན་དང་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་དགོས། སྒོ་རྩིས་ཚོང་ཁང་དང་ཚོང་ར། མགྲོན་ཁང་། གནམ་གྲུ་ཐང་། མེ་འཁོར་བབས་ཚུགས། འགྲུལ་སྐྱེལ་བབས་ཚུགས་སོགས་མི་ཚོགས་འདུ་འཛོམས་ཆེ་ས་དང་འགྲོ་རྒྱུག་ཆེ་བའི་འདུ་གནས་སུ་འཕྲོད་བསྟེན་དོ་དམ་ཚད་ལྡན་ཅན་དུ་བཏང་ནས་སྤྱི་པའི་ས་ཁོངས་ཀྱི་གཙང་སྦྲ་དང་དུག་སེལ་བྱ་བ་ཡག་པོ་བསྒྲུབ་དགོས། ནང་འདྲེན་དངོས་ཟོག་ལ་རིམས་ནད་ཞིབ་བཤེར་དང་དུག་སེལ་ནན་མོ་བྱ་རྒྱུ་དང་ལྷག་པར་དུ་འཁྱག་ཟས་རིགས་ལ་ཞིབ་དཔྱད་ཚད་ལེན་དང་ཐུམ་སྒྲིལ་ལ་སྔོན་འགོག་རང་བཞིན་གྱི་དུག་སེལ་ཡག་པོ་བྱས་ནས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།