ཀྲུང་གོ་བོད་ཀྱི་དྲ་བ།

《སློབ་གསོའི་ལྟ་སྐུལ་སློབ་སྟོན་གྱི་འགན་འདྲིའི་བྱེད་ཐབས》ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ9བའི་ཚེས1ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་ལྟར་ན།《སློབ་གསོའི་ལྟ་སྐུལ་སློབ་སྟོན་གྱི་འགན་འདྲིའི་བྱེད་ཐབས》ཟླ9བའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། གནས་ཚུལ་རིགས་དྲུག་ལ་འགན་འདྲི་བྱ་རྒྱུ་ཡིན་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་ཚད་བློ་ཐག་མི་ཆོད་པ་དང་མཐར་ཕྱིན་མིན་པ། སློབ་གསོའི་འགན་འཁྲི་ལག་བསྟར་དམིགས་སར་འབྱོར་མེད་པ། སློབ་གསོའི་མཁྲེགས་གཏོར་ལས་འགན་འགྲུབ་ཚད་རྗེས་སུ་ལུས་པ་ཚབས་ཆེན་ཡིན་པ། སློབ་གྲྭ་འཛུགས་སྐྱོང་བྱ་སྤྱོད་ཚད་ལྡན་མིན་པ། སློབ་གསོའི་སློབ་ཁྲིད་སྤུས་ཚད་ཇེ་དམའ་རུ་སོང་བ། བདེ་འཇགས་གནད་དོན་ཅུང་མང་བ་དང་སློབ་གསོའི་ལྟ་སྐུལ་སློབ་སྟོན་དང་ལེན་མི་བྱེད་པ་བཅས་འདུས། འགན་འདྲིའི་བྱ་ཡུལ་ནི་ས་གནས་སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་ལས་ཁུངས་དང་རིགས་སོ་སོའི་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གཞན་དག འབྲེལ་ཡོད་ལས་བྱེད་མི་སྣ་སོགས་ཡིན།  །

1127815957_16304619307371n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།