ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་བཟང་བོར་བསྒྲུབ་སྐབས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དེ་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་ཏུ་འཛིན་དགོས། བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་གཅིག་གྱུར་སྒོས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། ཚང་མས་བཤད་དོན། འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བའི་སྟེང་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ་ བདེ་སྡུག་མཉམ་མྱོང་དང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་མྱོང་། ལས་དབང་མཉམ་མྱོང་བཅས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། དཀའ་སྤྱད་འབད་འཐབ་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ནས་མཚོ་སྔོན་གྱིས་གྲུབ་འབྲས་བཟང་བོ་བླངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པ་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཧྥིན་གྱིས་བཤད་དོན། འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་སྒྲོག་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་དེ་ཁོང་དུ་ཆུད་པར་བྱས་ཏེ། རང་འགུལ་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པ་དང་། རང་ཞིང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་བྱས་པའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་མཐུན་སྒྲིལ་གསར་སྐྲུན་གཞུང་སྒྲུབ་ཁང་གི་ཆེད་འགན་འཁུར་བའི་ཀྲུའུ་རིན་གཞོན་པ་སེང་འབྲུག་རྒྱལ་གྱིས་བཤད་དོན། ང་ཚོས་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དེ་འགུལ་སྐྱོད་ཕྱོགས་སུ་དངོས་འབེབས་བཟང་བོ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་བྱེད་པའི་ཐད་ལ་ཤུགས་བསྐྱེད་ཅིང་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་ལ། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་སྟོབས་ཤུགས་ཉམས་སུ་མྱངས་ཤིང་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་དང་། ཏང་གི་སྲིད་ཇུས་བཟང་བོ་མེད་ན་ང་ཚོའི་དེ་རིང་གི་བདེ་སྐྱིད་འཚོ་བ་ཡོད་མི་སྲིད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མི་སྒེར་སྐལ་བཟང་རྒྱ་མཚོས་བཤད་དོན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་འབད་བརྩོན་ལྷོད་མེད་བྱེད་པ་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་རིག་པའི་སློབ་གསོ་ཞིབ་འཇུག་པུའུ་ཡི་ཀྲུའུ་རིན་མ་མེན་ཀྲུང་གིས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་དོན་སྙིང་དང་དགོངས་པའི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་རེ་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་མ་ཟད། དུས་རབས་ཀྱི་རེ་བ་དང་བསྟུན་ནས་སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ནས་མཚོ་སྔོན་གྱིས་བྱས་རྗེས་གསར་བ་འཇོག་པར་འབད་བརྩོན་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།