ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་གི་མཐའ་མཚམས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚོར་འཕྲིན་ལན་སྤྲིངས་ཏེ་སྐུལ་ལྕག་གནང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུལ་མི་ཚོའི་སྣེ་ཁྲིད་དེ་ནམ་ཡང་ཏང་གི་གསུང་བརྩི་ཞིང་ཏང་གི་རྗེས་འབྲངས་བཞིན།

དུས་རབས་གསར་པའི་ཨ་དབའ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་གླུ་གཞས་ལེན་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ8པའི་ཚེས19ཉིན་ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་གི་མཐའ་མཚམས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚོར་འཕྲིན་ལན་སྤྲིངས་ཏེ། ཁོ་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལེགས་པོ་བྱེད་པ། མཆོག་ཏུ་གྱུར་བའི་རྒྱལ་ཁོངས་སྲུང་སྐྱོང་ལེགས་པོ་བྱེད་པར་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་གསུང་རྒྱུར། འཕྲིན་ཡིག་བཀླགས་པས་དབུལ་ཐར་འགག་སྒྲོལ་གྱིས་ཨ་དབའ་རི་བོར་འགྱུར་ལྡོག་ཆེན་པོ་བྱུང་བ་རྒྱུས་ལོན་བྱུང་ཞིང་། ཨ་དབའ་མི་དམངས་ཀྱི་བློ་སེམས་ཏང་ལ་ཕྱོགས་པ་དང་བློ་སེམས་རྒྱལ་ཁབ་ལ་འཁྲེང་བའི་ལྷད་མེད་བརྩེ་དུང་ཡང་ཚོར་བྱུང་བས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱོད་ཚོ་ནི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡིན་པ་དང་། དུས་ཡུན་རིང་པོར་མཐའ་མཚམས་ས་ཁུལ་དུ་བྱ་བ་སྒྲུབ་ཅིང་འཚོ་བ་རོལ་བས། མཐའ་དམངས་ཕྱུག་བསྒྱུར་དང་མཐའ་མཚམས་བརྟན་བརླིང་གི་དོན་སྙིང་དེ་བས་རྟོགས་པ་རེད། དབུལ་ཐར་ནི་བདེ་སྐྱིད་ཀྱི་འཚོ་བར་བགྲོད་པའི་གོམ་པ་གལ་ཆེན་ཞིག་ཡིན་པས། ང་ཚོས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་དང་མཐའ་དར་དམངས་ཕྱུག་ལེགས་འཛིན་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་མཉམ་དུ་འབྱོར་ཕྱུག་ལྡན་པར་སྐུལ་འདེད་བྱས་ཏེ། མཐའ་མཚམས་དར་རྒྱས་གོང་འཕེལ་དང་བརྟན་བརླིང་ཡོང་བར་སྐུལ་འདེད་བྱེད་དགོས། རེ་བ་ཡིན་ན་ཁྱོད་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་དང་ཡུལ་མི་ཚོའི་སྣེ་ཁྲིད་དེ་ནམ་ཡང་ཏང་གི་གསུང་བརྩི་ཞིང་ཏང་གི་རྗེས་སུ་འབྲངས་པ། མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་ལེགས་པོ་བྱེད་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལེགས་པོ་བྱེད་པ། མཆོག་ཏུ་གྱུར་པའི་རྒྱལ་ཁོངས་སྲུང་སྐྱོང་ལེགས་པོ་བཅས་བྱས་ཏེ། དུས་རབས་གསར་པའི་ཨ་དབའ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་གླུ་གཞས་ལེན་དགོས་ཟེར། 

ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་ནི་མེས་རྒྱལ་གྱི་ལྷོ་ནུབ་མཐའ་འཁོབ་ཏུ་གནས་ལ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་དབའ་རིགས་འདུས་སྡོད་ཀྱི་རྫོང་ཡིན་པས། ས་དེ་གའི་དབའ་རིགས་མང་ཚོགས་ལ་སྔ་མོ་ནས་རྒྱལ་གཅེས་མཐའ་སྲུང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཆགས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ས་གནས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གོམ་འགྲོས་ཇེ་མགྱོགས་སུ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཞིང་། སྡོད་ཁང་བདེ་འཇགས་དང་འཐུང་ཆུའི་བདེ་འཇགས། ནད་གསོ་ཞག་སྡོད། བུ་བུ་མོ་སློབ་གྲྭར་སྐྱེལ་བ་སོགས་ལ་འགན་སྲུང་གང་ལེགས་བྱས། 2019ལོའི་ལོ་མཇུག་ཏུ་སླེབས་དུས། རྫོང་དེའི་དབུལ་ཕོངས་སྡེ་བ67དང་དབུལ་ཕོངས་མི་གྲངས་ཁྲི4ལྷག་ཚང་མ་དབུལ་ཐར་བྱུང་། ཉེ་ཆར། རྫོང་དེའི་པན་ཧུང་ཞང་དང་པན་ལའོ་ཞང་གི་མཐའ་མཚམས་སྡེ་བ9ཡི་ཀྲི་པུའུ་ཧྲུའུ་ཅི་རྒན་པ10ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ཏེ། དབའ་རིགས་མི་དམངས་དབུལ་ཐར་བྱུང་བ་དང་འཚོ་བ་སྐྱིད་པའི་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད། མི་རབས་ནས་མི་རབས་བར་གུང་ཁྲན་ཏང་གི་རྗེས་སུ་འབྲངས་པ་དང་ཕ་ཡུལ་སྔར་བས་མཛེས་སྡུག་འབྱོར་ཕྱུག་ལྡན་པ་ཞིག་ཏུ་བསྐྲུན་པའི་ཆོད་སེམས་བརྟན་པོ་མཚོན། །

ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་གི་མཐའ་མཚམས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚོར་སྤྲིངས་པའི་འཕྲིན་ལན།

ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་གི་མཐའ་མཚམས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་རྣམས་ལ།

ཁྱོད་ཚོ་བདེ་མོ་ཡིན་ནམ། འཕྲིན་ཡིག་བཀླགས་པས་དབུལ་ཐར་འགག་སྒྲོལ་གྱིས་ཨ་དབའ་རི་བོར་འགྱུར་ལྡོག་ཆེན་པོ་བྱུང་བ་རྒྱུས་ལོན་བྱུང་ཞིང་། ཨ་དབའ་མི་དམངས་ཀྱི་བློ་སེམས་ཏང་ལ་ཕྱོགས་པ་དང་བློ་སེམས་རྒྱལ་ཁབ་ལ་འཁྲེང་བའི་ལྷད་མེད་བརྩེ་དུང་ཡང་ཚོར་བྱུང་བས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།

ཁྱོད་ཚོ་ནི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡིན་པ་དང་། དུས་ཡུན་རིང་པོར་མཐའ་མཚམས་ས་ཁུལ་དུ་བྱ་བ་སྒྲུབ་ཅིང་འཚོ་བ་རོལ་བས། མཐའ་དམངས་ཕྱུག་བསྒྱུར་དང་མཐའ་མཚམས་བརྟན་བརླིང་གི་དོན་སྙིང་དེ་བས་རྟོགས་པ་རེད། དབུལ་ཐར་ནི་བདེ་སྐྱིད་ཀྱི་འཚོ་བར་བགྲོད་པའི་གོམ་པ་གལ་ཆེན་ཞིག་ཡིན་པས། ང་ཚོས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་དང་མཐའ་དར་དམངས་ཕྱུག་ལེགས་འཛིན་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་མཉམ་དུ་འབྱོར་ཕྱུག་ལྡན་པར་སྐུལ་འདེད་བྱས་ཏེ། མཐའ་མཚམས་དར་རྒྱས་གོང་འཕེལ་དང་བརྟན་བརླིང་ཡོང་བར་སྐུལ་འདེད་བྱེད་དགོས། རེ་བ་ཡིན་ན་ཁྱོད་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་དང་ཡུལ་མི་ཚོའི་སྣེ་ཁྲིད་དེ་ནམ་ཡང་ཏང་གི་གསུང་བརྩི་ཞིང་ཏང་གི་རྗེས་སུ་འབྲངས་པ། མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་ལེགས་པོ་བྱེད་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལེགས་པོ་བྱེད་པ། མཆོག་ཏུ་གྱུར་པའི་རྒྱལ་ཁོངས་སྲུང་སྐྱོང་ལེགས་པོ་བཅས་བྱས་ཏེ། དུས་རབས་གསར་པའི་ཨ་དབའ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་གླུ་གཞས་ལེན་དགོས། །

ཡུལ་མི་ཚོར་འཚམས་འདྲི་གནང་རོགས་ཞུ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།