ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ་སྔོན་མ7གྱི་ནང་རྒྱལ་ཡོངས་སུ་ས་གནས་སྲིད་གཞུང་གིས་བུ་ལོན་གཏོང་ཚད་སྒོར་དུང་ཕྱུར39979ལ་སླེབས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་ཚེས25ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་སྔོན་མ7གྱི་ནང་རྒྱལ་ཡོངས་སུ་ས་གནས་སྲིད་གཞུང་གིས་བུ་ལོན་གཏོང་ཚད་སྒོར་དུང་ཕྱུར39979ལ་སླེབས་ཤིང་། དེའི་ཁྲོད་སྤྱིར་བཏང་གི་བུ་ལོན་གཏོང་ཚད་སྒོར་དུང་ཕྱུར18583དང་ཆེད་སྤྱོད་ཀྱི་བུ་ལོན་གཏོང་ཚད་སྒོར་དུང་ཕྱུར21396ཡིན་ཞིང་། སྤྱོད་སྒོ་ལྟར་དབྱེ་ན་གསར་སྣོན་བྱས་པའི་བུ་ལོན་གཏོང་ཚད་སྒོར་དུང་ཕྱུར18833དང་ཡང་བསྐྱར་མ་དངུལ་མཉམ་འདུས་ཀྱི་བུ་ལོན་གཏོང་ཚད་སྒོར་དུང་ཕྱུར21146ཡིན།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་སྔོན་མ7གྱི་ནང་ས་གནས་སྲིད་གཞུང་གིས་བུ་ལོན་གཏོང་ཚད་ཆ་སྙོམས་བྱས་ན་དུས་ཡུན་ལོ10.6ཡིན་ལ། དེའི་ཁྲོད་སྤྱིར་བཏང་གི་བུ་ལོན་ལོ7.8དང་ཆེད་སྤྱོད་ཀྱི་བུ་ལོན་ལོ13.0ཡིན། 

2021ལོའི་ཟླ7པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ས་གནས་སྲིད་གཞུང་གིས་བཏང་ཟིན་པའི་བུ་ལོན་གྱི་ལྷག་མ་སྒོར་དུང་ཕྱུར279901ཡིན་པས་རྒྱལ་ཡོངས་དམངས་ཆེན་གྱི་ཆོག་མཆན་ཐོབ་པའི་བཅད་གྲངས་ཀྱི་ནང་ཚུན་དུ་ཚོད་འཛིན་བྱས་ཡོད་པ་རེད། དེའི་ཁྲོད་སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར135743དང་ཆེད་སྤྱོད་བུ་ལོན་སྒོར་དུང་ཕྱུར144158འདུས་ཤིང་། སྲིད་གཞུང་གི་བུ་ལོན་སྒོར་དུང་ཕྱུར278150དང་སྲིད་གཞུང་མ་ཡིན་པའི་རྣམ་པས་སྲིད་གཞུང་གི་བུ་ལོན་ཉར་ཚགས་བྱས་པའི་བུ་ལོན་སྒོར་དུང་ཕྱུར1751འདུས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།