ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པ་པེ་ཅིང་དུ་གྲོལ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་པ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་བྱས། གྲོས་ཚོགས་ལས་བརྡས་ཐག་བཅད་དེ་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ལྟ་ཞིབ་དཔོན་གྱི་བཅའ་ཁྲིམས། བཅའ་ཁྲིམས་རོགས་སྐྱོར་ཁྲིམས། སྨན་པ་ཆེད་མཁས་པའི་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་དམག་ཞབས་བཅའ་ཁྲིམས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་གྲངས་དང་འཆར་ལྡན་བུ་སྐྱེས་བྱ་བའི་བཅའ་ཁྲིམས་སྐོར་གྱི་ཐག་གཅོད། ཁྲིན་པའོ་ཧྲིན་གྱི་སློབ་གསོ་པུའུ་ཡི་པུའུ་ཀྲང་གི་འགན་དབང་མེད་པར་བཟོས་པའི་སྐོར་གྱི་ཐག་གཅོད། ཧུའེ་ཅིན་ཕིན་སློབ་གསོ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱས་པའི་ཐག་གཅོད་བཅས་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབང་ཆ་བྱིན་པ་བརྒྱུད། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྩ་འཛུགས་བྱས་ཏེ་རིམ་པ་བཞི་པའི་ཁྲིམས་ཁང་གི་འདྲི་གཅོད་འགན་ནུས་གཏན་འཁེལ་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྤེལ་བའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་དེ་འབྲེལ་ཡོད་གོ་གནས་བསྐོ་འཐེན་གྲོས་གཞིར་གྲོས་འཆམ་བྱུང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱིས། འཕེལ་རྒྱས་གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ཞེས་པ་ནན་བཤད་གནང་ཡོད། གཞུང་ལུགས་གལ་ཆེན་འདི་བཏོན་པས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་ལས་དོན་འཕེལ་རྒྱས་ཐད་ཁ་ཕྱོགས་དང་ཆོས་ཉིད་འདོན་སྤྲོད་བྱས། ང་ཚོས་མུ་མཐུད་དུ་གཞུང་ལུགས་གལ་ཆེན་འདི་ལ་སློབ་སྦྱོང་དང་བསམ་ཞིབ། ཞིབ་འཇུག་བཅས་བྱེད་དགོས་པར་མ་ཟད། དམངས་ཆེན་ལས་དོན་ཁྲོད་དངོས་འབེབས་མཐར་ཕྱིན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།